སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ།
སྤེལ་དུས 2025-12-08
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཟླ་12ཚེས་5ཉིན། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་ཏེ། བོད་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ཐད་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གསུམ་པའི་ཐོག་དང་བློ་མཐུན་ཧུའུ་ཡའོ་པང་འཁྲུངས་ནས་ལོ་ངོ་110འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་རིགས་པའི་གཞུང་ལུགས་དོན་དངོས་དང་ཟུང་འབྲེལ་བྱེད་པའི་སློབ་སྲོལ་མཐའ་འཁྱོངས་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་གང་ཐུབ་བྱེད་དགོས། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་མཐུད་དེ་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དང་། “ལམ་གཉིས”ཀྱི་སྙིང་སྟོབས། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཁུང་ཧྥན་སེན་གྱི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། དམངས་ཆེད་བརྩེ་བ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། གསར་བརྗེ་པ་རྒན་གྲས་ལ་དྲན་གསོ་དང་གུས་བཀུར་བྱེད་པའི་བརྩེ་སེམས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་དང་ཕན་འབྲས་དངོས་ལ་འགྱུར་བར་བྱེད་དགོས། དྲ་རྒྱའི་ཁོར་ཡུག་བཅོས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ། དྲང་ཕྱོགས་ཀྱི་སྐད་སྒྲ་དང་། གཙོ་རྒྱུན་གྱི་རིན་ཐང་། དུས་རབས་ཀྱི་སྤྱོད་ཚུལ་གསར་པ་བཅས་ལ་བརྟེན་ནས་དྲ་རྒྱའི་བར་སྟོང་གཏོད་རྒྱུ་མཐའ་འཁྱོངས་བྱས་ཏེ། དྲ་སྦྲེལ་དེ་བསམ་བློའི་སྣེ་ཁྲིད་དང་། ཀུན་སྤྱོད་ལེགས་གཏོང་། རིག་གནས་རྒྱུན་འཛིན་བཅས་ཀྱི་འཐབ་ས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས། ཁྲིམས་ལྟར་དྲ་རྒྱའི་བར་སྟོང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འབྱུང་ཁུངས་བཅོས་སྐྱོང་དང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། དྲ་རྒྱ་དྭངས་གཙང་དང་གཙང་སེལ་སོགས་ཀྱི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་བཅས་བྱས་ཏེ་སྲོལ་བཟང་སྤྱོད་བཟང་གི་དྲ་རྒྱའི་བར་སྟོང་གཏོད་དགོས། རྒྱལ་ཁབ་སྤྱི་ཡོངས་ཀྱི་ཕྱི་འབྲེལ་གྱི་གནས་ཚུལ་ཧྲིལ་པོར་ཞབས་འདེགས་ཧུར་ཐག་ཞུ་བ་དང་། འགག་སྒོའི་རྨང་གཞིའི་སྒྲིག་བཀོད་དང་མཐའ་མཚམས་ཚོང་དོན་ཟོག་འགྲེམས་ཐོན་ལས་ཀྱི་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ། སྒོ་དབྱེའི་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མཐའ་འཁོར་རྒྱལ་ཁབ་དབར་གྱི་མཛའ་མཐུན་འགྲོ་འོང་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་དེ་བས་མཉམ་འདྲེས་ཡག་པོ་ཐུབ་པར་བྱེད་དགོས། རྒྱལ་སྤྱིའི་ཁྱབ་སྤེལ་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་དུས་རབས་གསར་པའི་བོད་ཀྱི་གཏམ་རྒྱུད་ཡག་པོ་བཤད་ནས་འཛམ་གླིང་གིས་བོད་ལྗོངས་ལ་རྒྱུས་མངའ་དེ་བས་ཡག་པ་ལོན་པ་དང་བོད་ལྗོངས་དེ་བས་འཛམ་གླིང་ཕྱོགས་སུ་མགྱོགས་མྱུར་བསྐྱོད་དུ་འཇུག་དགོས། ནུས་རྒྱུ་གཙང་མའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དང་ས་བབ་ཀྱི་ཁྱད་ཆོས་ལ་གཞི་ཚུགས་པ། ནུས་རྒྱུའི་འཁོར་འབྲེལ་ཧྲིལ་པོའི་ཐོན་ལས་ཀྱི་བཀོད་ཇུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཆུ་རླུང་འོད་གསུམ་གྱི་གཞི་གཅིག་ཅན་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གློག་ཤུགས་ཕྱིར་གཏོང་གི་ཐབས་ལམ་གང་མགྱོགས་བཟོ་བ། ནུས་རྒྱུ་མཉམ་ལས་ཀྱི་རྣམ་པ་གསར་པར་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་གང་ཐུབ་བྱེད་དགོས། དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། དང་བླངས་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དང་བླངས་ཞབས་ཞུའི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། དང་བླངས་ཞབས་ཞུའི་སྤུས་རྟགས་གཏོད་པ་བཅས་བྱས་ཏེ། དང་བླངས་ཞབས་ཞུའི་རྩ་འཛུགས་དང་དང་བླངས་པ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་པར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ནས། སྡེ་ཚན་མང་པོ་མཉམ་འགུལ་དང་ལས་རིགས་མང་པོ་ཞུགས་པའི་དུས་རབས་གསར་པའི་དང་བླངས་ཞབས་ཞུའི་རྣམ་པ་སྐྲུན་དགོས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཤང་ཀང་གི་ཤིན་ཅེ་ཏ་ཕུའུ་ཁུལ་གྱི་སྡོད་ཁང་ལ་མེ་སྐྱོན་ཚབས་ཆེན་ཤོར་བར་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ཉེན་ཁའི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིག་ཟབ་ཏུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་དང་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་ལས་དོན་ཁག་ལ་ལྷོད་གཡེང་སྤུ་ཙམ་མེད་པར་དམ་འཛིན་ཡག་པོ་བྱེད་པ། བདེ་འཇགས་དོན་རྐྱེན་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མཐའ་གཅིག་ཏུ་མ་ཐོན་སྔོན་འགོག་དང་བཀག་འགོག་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་ནན་དུ་གཏོང་བ་དང“དུས་དང་རྣམ་པ་ཀུན་ཏུ་དོ་སྣང་བྱེད་པའི”འགན་སེམས་བཅངས་ནས་བདེ་འཇགས་ཀྱི་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་ཉེན་བརྡའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་དོ་དམ་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་ཤུགས་ཆེན་གཏོང་བ། བདེ་འཇགས་ཀྱི་དྲན་སྐུལ་དང་སློབ་གསོ་ཡག་པོ་གཏོང་བ། བདེ་འཇགས་ཀྱི་འགོག་སྲུང་དྲ་བ་དམ་ཚགས་སུ་གཏོང་བ་བཅས་བྱེད་དགོས། མེ་ཟོན་བདེ་འཇགས་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ་གྲལ་བཤེར་གྱི་གཙོ་གནད་ལས་འགན་ལ་དམིགས་པ་དང་། མེ་སྐྱོན་ཚབས་ཆེན་གྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱ་སྤྱོད་ཏན་ཏིག་སྤེལ་བ། གནད་དོན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་དག་ཐེར་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཐོན་བཟོ་ཡོད་དུས་ནས་མེད་པར་བཟོ་དགོས། གཅིག་ཤེས་ཀུན་གྲོལ་མཐའ་འཁྱོངས་བྱས་ཏེ་བོད་ལྗོངས་ཀྱི་དོན་དངོས་གཞིར་བཟུང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་། དྲག་ཆར་རླུང་འཚུབ་དང་གངས་འཁྱགས་ཀྱི་གནོད་འཚེ། འགྲོ་ལམ་འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཉམ་འགོག་མཉམ་བཅོས་ཀྱི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱས་ནས་ཉེན་ཁ་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྒྲིག་བྱེད་པ། བདེ་འཇགས་ཀྱི་མཐའ་ཚད་མཐའ་གཅིག་ཏུ་བརྟན་པོ་སྲུང་བ་བཅས་བྱས་ནས་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།