བོད་ལྗོངས་ཀྱི་མཉམ་སྡེབ་6དང་མི་སྒེར་3རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་གཟེངས་བསྟོད་མིང་ཐོའི་ནང་ཚུད་པ།
སྤེལ་དུས 2025-12-18
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་འགོ་ཁྲིད་ཚོགས་ཆུང་གིས《རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་འགོ་ཁྲིད་ཚོགས་ཆུང་གི་གཏན་འབེབས》ཁྱབ་བསྒྲགས་བྱས་པའི་ནང་། རྒྱལ་ཡོངས་ཀྱི་ཚན་པ་490ལ“རྒྱལ་ཡོངས་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་སྔོན་ཐོན་མཉམ་སྡེབ”ཀྱི་གཟི་བརྗིད་མཚན་སྙན་དང་། བློ་མཐུན་300ལ“རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་ལྔ་པའི་སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད། རང་ལྗོངས་ཀྱི་སྔོན་ཐོན་མཉམ་སྡེབ་6དང་སྔོན་ཐོན་མི་སྒེར་3གཟི་བརྗིད་མཚན་སྙན་གྱི་མིང་ཐོའི་ནང་ཚུད་ཡོད་པ་རེད།
གཟི་བརྗིད་མཚན་སྙན་ཐོབ་པའི་སྔོན་ཐོན་མཉམ་སྡེབ་ཚན་པ་ནི། བོད་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཡོངས་བཤེར་ལྟེ་གནས་དང་། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་བསྡོམས་རྩིས་ཅུས། བོད་རང་སྐྱོང་ལྗོངས་ལྷུན་གྲུབ་རྫོང་བསྡོམས་རྩིས་ཅུས། བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་བསྡོམས་རྩིས་ཅུས། བོད་རང་སྐྱོང་ལྗོངས་སྣང་རྫོང་བསྡོམས་རྩིས་ཅུས། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་བསྡོམས་རྩིས་ཅུས་བཅས་ཡིན་པ་དང་། སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ནི། བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱི་ལིན་ཆིན་ཆིན་དང་། བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་བསྡོམས་རྩིས་ཅུས་ཀྱི་གཡོད་ཞའོ་ཧྥུང་། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་བསྡོམས་རྩིས་ཅུས་ཕྱོགས་བསྡུས་ཁོའོ་ཡི་ཧོའུ་ཅན་ཧྥུང་བཅས་རེད།