ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་བཏོད་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།
སྤེལ་དུས 2025-12-18
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་བྲག་ཡིབ་ཆུས་ཀླུ་སྟེང་གྲོང་ཚོ་དང་སྤོ་བོ་རྫོང་ཀ་གནམ་གྲོང་ཚོ་སོགས་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། ལྷན་སྦྱར་ཐོན་ལས་ལེགས་པ། མི་དམངས་མང་ཚོགས་ཀྱི་བློ་ལ་བབ་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་ཁག་གཅིག་ཧུར་ཐག་བཏོད་དེ། འཛམ་གླིང་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་དོན་ཐོག་ཏུ་འཁྱོལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ཉིང་ཁྲི་གྲོང་ཁྱེར་གྱིས་གཙོ་གནད་གྲོང་ཚོ་དང་གྲོང་རྡལ་10འཛུགས་སྐྲུན་ཧུར་ཐག་བྱས་ཤིང་། དེའི་ཁྲོད་སྨན་གླིང་གྲོང་རྡལ་ནས་1དང་། ཀོང་པོ་རྒྱ་མདའ་རྫོང་ནས་1 སྣང་རྫོང་ནས་2 སྤོ་བོ་རྫོང་ནས་1 རྫ་ཡུལ་རྫོང་ནས་2 མེ་ཏོག་རྫོང་ནས་3བཅས་ཡོད་པ་དང་། མིག་སྔར་གྲོང་ཚོ་དང་གྲོང་རྡལ་དེ་དག་གི་འཆར་འགོད་སྒྲིག་བཟོའི་ལས་དོན་ལེགས་གྲུབ་ཟིན་ཡོད་ཅིང་། འདི་ནི་རྫ་ཡུལ་གསང་ཆུའི་འགྲམ་དུ་གནས་པའི་རྫ་ཡུལ་རྫོང་འགྲོ་བ་དགོན་གྲོང་རྡལ་གཤོང་མཇུག་གྲོང་ཚོའི་ཟུར་ཞིག་ཡིན་པ།