ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་སྐད་ཀྱིAIགཏེར་ཚང་རྩིས་ཐབས་ཐོ་འགོད་བྱས་ཟིན་པ།

སྤེལ་དུས 2026-02-09 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

            རྒྱལ་ཡོངས་ཀྱི་བོད་སྐད་མི་ཐབས་རིག་ནུས་ཀྱི་རྩིས་ཐབས་ཐོག་མ་སྟེ། གཏེར་ཚང(DeepZang) ཞེས་པ་དེ་ཉེ་དུས་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་ལ་དངོས་སུ་ཐོ་འགོད་བྱས་ཡོད། དེའི་ཐོག་ནས་རང་རྒྱལ་གྱི་གྲངས་ཉུང་མི་རིགས་སྐད་བརྡའིAIལག་རྩལ་དེ་དངོས་སུ་རྒྱལ་ཁབ་ཀྱི་ཚད་ལྡན་ལྟ་སྐུལ་དོ་དམ་མ་ལག་ནང་བཅུག་ནས། མི་རིགས་ས་ཁུལ་གྱི་གྲངས་འཛིན་ཅན་གོང་འཕེལ་ལ་ལག་རྩལ་གྱི་འདེགས་སྐྱོར་ཐུབ་པ་མཚོན།

            ཤེས་རྟོགས་བྱུང་བར་གཞིགས་ན། རྩིས་ཐབས་དེ་ནི་བོད་ལྗོངས་མཆོག་ནོར་གྲངས་འཛིན་ཐོན་ལས་དོ་དམ་ཚད་ཡོད་ཀུང་སིས་ཞིབ་བཟོ་བྱས་པ་ཞིག་ཡིན་པ་དང་། དེས་མདོ་དབུས་ཁམས་གསུམ་གྱི་ཡུལ་སྐད་ཆེན་པོ་གསུམ་དང་དེ་བཞིན་རྒྱ་སྐད་དང་དབྱིན་སྐད་བཅས་སྐད་རིགས་ཕན་ཚུན་གང་འདོད་ལྟར་སྒྱུར་ཐུབ་ཀྱི་ཡོད་པས། སློབ་གསོ་དང་སྲིད་དོན། རིག་གནས་བརྒྱུད་སྤེལ་སོགས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཐུབ་རྒྱུ་རེད། གཏེར་ཚང་རྩིས་ཐབས་བདེ་བླག་ངང་ཐོ་འགོད་དང་བེད་སྤྱོད་ཁྱབ་གདལ་ཐུབ་པ་དེས་བོད་སྐད་ཀྱི་མི་ཐབས་རིག་ནུས་ལག་རྩལ་དེ་ཚད་ལྡན་ཅན་གྱི་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་མ་ཟད། རང་རྒྱལ་གྱི་མི་རིགས་མང་པོའི་སྐད་བརྡའི་ཆ་འཕྲིན་ཐག་གཅོད་དང་གྲངས་འཛིན་ཅན་གྱི་བཅོས་སྐྱོང་བྱ་རྒྱུར་ལག་ལེན་གྱི་དཔྱད་གཞི་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།

            གཏེར་ཚང་རྩིས་ཐབས་ཞིབ་བཟོའི་ཚན་པ་ནི་ལྷ་ས་གྲོང་ཁྱེར་མཐོ་གསར་ཁུལསྣེའུ་ཁུལ་གསརདུ་གནས་ཤིང་། བོད་ལྗོངས་ཀྱི་གྲངས་འཛིན་དཔལ་འབྱོར་གྱི་སྔོན་སྤེལ་ཁུལ་ཡིན་པའི་ཆ་ནས། ལྷ་སའི་མཐོ་གསར་ཁུལ་གྱིས་ལག་རྩལ་གྱི་འགག་གཏོར་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར། ཐོན་ལས་མཉམ་འདུས་བཅས་བྱས་པ་བརྒྱུད། རྒྱལ་ཁབ་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཀྱི་འཐབ་ཇུས་དང་བོད་རང་སྐྱོང་ལྗོངས་ཀྱི“གྲངས་འཛིན་བོད་ལྗོངས”འཛུགས་སྐྲུན་གྱི་དམིགས་འབེན་མངོན་འགྱུར་བྱ་རྒྱུར་ཞབས་ཞུ་སྒྲུབ་བཞིན་ཡོད། མིག་སྔའི་བར། མཐོ་གསར་ཁུལ་དེར་གྲངས་འཛིན་དཔལ་འབྱོར་ཁེ་ལས2911ཡོད་པ་དང་། ལོའི་ཡོང་འབབ་སྒོར་དུང་ཕྱུར79དང་བྱེ་བ2དང་ས་ཡ2ལས་བརྒལ་ཡོད་ཅིང་། རྒྱལ་ཁབ་རིམ་པའི་ཆེད་དམིགས་ཁྱད་གསར་གྱི་ཁེ་ལས་3དང་མཐོ་གསར་ལག་རྩལ་ཁེ་ལས104སྐྱེད་སྲིང་བྱས་ཡོད།

རྩོམ་སྒྲིག་པ། རིག་གྲོལ།