ཟླ2པའི་ཚེས9ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་མདོ་ཆོས་ཞང་མདོ་ཆོས་གྲོང་ཚོའི་ཐང་ཆེན་དུ་དར་ཚོན་སྣ་ལྔས་བརྒྱན་ཞིང་། གླུ་ལེན་གར་འཁྲབ་ཀྱི་རྣམ་པ་འཁྲུག་ཆ་ལྷག་ཏུ་དོད། དེ་ནི2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བ་དང་འབྲེལ་མདོ་ཆོས་ཞང་གི་སྐབས་གསུམ་པའི་གྲོང་ཚོའི་མཉམ་སྤྲོའི་སྤྲོ་ཚོགས་ཀྱི་རིག་རྩལ་བྱེད་སྒོ་སྤེལ་བའི་རྣམ་པ་རེད། ཞབས་བྲོ《དུས་རབས་གསར་པར་སྐྱིད་པའི་གླུ་དབྱངས་ལེན》ཞེས་པ་འཁྲབ་སྟོན་བྱས་པ་དང་བསྟུན་ཐེངས་འདིའི་རིག་རྩལ་བྱེད་སྒོ་དངོས་སུ་འགོ་ཚུགས།

ཡུལ་དངོས་ཀྱི་རྣམ་པ།
ད་ཐེངས་ཀྱི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི་སྐལ་བཟང་མེ་ཏོག་གངས་ལྗོངས་ས་མཐོར་བཞད། སྙན་འཇེབས་གླུ་ཡིས་གནམ་ལོ་གསར་པ་བསུ་ཞེས་པ་དེ་ཡིན་ཞིང་། རིག་རྩལ་བརྩམས་ཆོས་མང་པོ་ཞིག་ནི་གྲོང་ཚོ་ཁག་གི་མང་ཚོགས་ཚོས་རང་རྩོམ་རང་འཁྲབ་བྱས་པ་ཞིག་རེད། ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། སྣ་དཀར་རྩེ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་དང་རིག་རྩལ་བྱ་གཞག་གོང་འཕེལ་གྱི་གྲུབ་འབྲས་གང་ལེགས་མངོན་པ། དུས་ཆེན་གྱི་རྣམ་པ་བཟང་པོ་ཞིག་གཏོད་དེ་ས་གནས་དེ་གའི་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། སྐྱིད་ཚོར། བདེ་ཚོར་བཅས་གོང་མཐོར་གཏོང་ཆེད་ཡིན།

ཡུལ་དངོས་ཀྱི་རྣམ་པ།
རིག་རྩལ་གྱི་སྟོན་མོ་གཟབ་རྒྱས་འདི་ལྟ་བུ་ཞིག་བཤམས་པ་དེས་དུས་རབས་གསར་པའི་སྣ་དཀར་རྩེ་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཀྱི་མཐུན་སྒྲིལ་ཡར་བརྩོན་དང་འབད་འབུངས་ཆེར་སྐྱེད་ཀྱི་བསམ་པའི་ཉམས་སྣང་གང་ལེགས་མངོན་ཡོད་ལ། སླད་མ་འོངས་ནང་སྣ་དཀར་རྩེ་རྫོང་གི་རིག་རྩལ་དར་ཞིང་རྒྱས་པ་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། མང་ཚོགས་བདེ་ཞིང་སྐྱིད་པ་བཅས་ཡོང་བའི་སྨོན་འདུན་བཟང་པོ་ཡང་མཚོན་ཡོད།

ཡུལ་དངོས་ཀྱི་རྣམ་པ།

ཡུལ་དངོས་ཀྱི་རྣམ་པ།

རྩོམ་སྒྲིག་པ། རིག་གྲོལ།