ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱིས་བུལ་ཐུག་ཟ་ཁང7800ལྷག་ཙམ་ལེགས་སྒྱུར་རིམ་སྤོར་བྱས་པ།

སྤེལ་དུས 2026-02-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            བོད་ལྗོངས་ཀྱིས་བུལ་ཐུག་ཟ་ཁང7800ལྷག་ཙམ་ལོ་ལྔ་ཚན་གྱི་འཆར་འགོད་བཅུ་བཞི་པའི་རིང་ལེགས་སྒྱུར་རིམ་སྤོར་བྱས་པས། དེ་དག་ད་ཆ་ལམ་ཟུར་ཟ་ཁང་ཐབས་ཆག་ནས་ཚད་ལྡན་ཞིམ་ཟས་ཁང་དུ་གྱུར་ཡོད་པ་རེད།

             བོད་ལྗོངས་ཀྱི་ཁྲོམ་རའི་ལྟ་སྡོམ་སྡེ་ཁག་གིས་ཟ་ཁང་ཁག་ལ་ཕྱིན་ནས་རོགས་རམ་དང་། བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱས་ཐོག བུལ་ཐུག་ཟ་ཁང་ཁག་གིས་ཐབ་ཚང་དེ་མགྲོན་པོའི་མིག་གིས་མཐོང་སར་བཀོད་སྒྲིག་བྱ་དགོས་པ་དང་། ཕོར་པ་སོགས་ལ་དུག་སེལ་བྱ་དགོས་པ། གད་སྙིགས་དག་སྣ་རིགས་དབྱེ་བ་ཕྱེ་ནས་བསྐྱུར་དགོས་པ་སོགས་ཀྱི་ཚད་གཞི་ལག་བསྟར་དོན་འཁྱོལ་བྱ་རྒྱུར་མཛུབ་སྟོན་བྱས་པ་མ་ཟད། བུལ་ཐུག་དང་ཇ་མངར་མོའི་ས་གནས་ཀྱི་ཚད་གཞི་འདོན་རྒྱུར་སྐུལ་འདེད་བཏང་བས། སྲོལ་རྒྱུན་གྱི་ཟ་ཁང་ཆུང་གྲས་ལ་ཟས་རིགས་གཡོས་སྦྱོར་གྱི་ཚད་གཞི་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད། ད་ཆ་བུལ་ཐུག་ཟ་ཁང་གི་འབོར་ཚད་མང་ལ། ཁོར་ཡུག་སྔར་ལས་ལེགས་སུ་ཕྱིན་ཡོད་ཅིང་། སྔར་གྱི་བྲོ་བ་ཞིམ་པོ་ཉར་འཇོག་ཐུབ་པའི་རྨང་གཞིའི་ཐོག ཟས་རིགས་ཀྱི་བདེ་འཇགས་ཚད་གཞི་མཐོ་རུ་ཕྱིན་ནས་མི་རྣམས་ཀྱིས་བློ་སེམས་བདེ་པོའི་ངང་ལོངས་སྤྱོད་ཆོག་པའི་ཟས་རིགས་སུ་གྱུར་བ་དང་། ཁྱིམ་གྱི་སྒོ་འགྲམ་དུ་གནས་པའི་ཚ་སོབ་སོབ་ཀྱི་ཐབ་ཚང་ལྟ་བུར་གྱུར་ཡོད།

རྩོམ་སྒྲིག་པ། རིག་གྲོལ།