ཉེ་ཆར། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་ལས་གཉེར་སྲུང་སྐྱོང་ཉམས་གསོ་བས་གདང་ལ་རི་བོའི་ཉེ་འཁོར་གྱི་མཚོ་འཕགས་སྨི5211.5ཟིན་པའི་སར། ཚད་བརྒལ་མཐོ་གནོན་སོགས་གློག་ལྡན་ལས་དོན་ལེགས་པར་བསྒྲུབས་ནས་མཚོ་བོད་དྲ་སྦྲེལ་ལས་གཞིའི་ཆན་ཧྥུའུ±400ཟིན་པའི་ཚ་འདམ་ནས་ལྷ་ས་བར་གྱི་ཐད་རྒྱུག་གློག་ལམ་མི་འདང་བའི་གནད་དོན་སེལ་ཏེ། བོད་ལྗོངས་སུ་དཔྱིད་གསར་དུས་ཆེན་རིང་གློག་བརྟན་པོ་ཡོང་རྒྱུར་སྲ་ཞིང་བརྟན་པའི་འགོག་སྲུང་ལམ་ཐིག་བསྐྲུན་ཡོད།

ཉམས་གསོ་བྱེད་ཡུལ་དངོས་སུ་གསོ་རླུང་འདུས་ཚད40%ལས་ཟིན་གྱི་མེད་པ་དང་། དྲོད་ཚད་ཀླད་ཀོར་འོག་གི་ཨང་གྲངས20ཡན་ཟིན་གྱི་ཡོད། ལས་དོན་མི་སྣས་མི་མེད་གནམ་གྲུ་དང་གློག་སྒུལ་བབ་འཕུར་འཕྲུལ་ཆས་གཉིས་ཟུང་སྦྲེལ་རྣམ་པའི་ལག་རྩལ་སྤྱད་དེ་གློག་ལམ་མི་འདང་བའི་གནད་དོན་ཐག་གཅོད་བྱས་ཡོད།
ད་ཐེངས་ཀྱི་ལས་དོན་དེས་འཛམ་གླིང་ཐོག་ཚད་བརྒལ་མཐོ་གནོན་གློག་ལྡན་ལས་སྒྲུབ་ཀྱི་ས་བབ་མཐོ་ཤོས་ཀྱི་ཟིན་ཐོ་གསར་པ་བཏོད་པ་མ་ཟད། རང་རྒྱལ་དུ་སྨི་ལྔ་སྟོང་རིམ་པའི་ས་བབ་མཐོ་བའི་ཁུལ་དུ་ལས་དོན་དེ་རིགས་སྒྲུབ་ཐེངས་ཐོག་མ་ཡིན་པ་རེད། མཚོ་བོད་དྲ་སྦྲེལ་གྱི་གློག་ཤུགས་མཁའ་ལམ་ཞིག་ཡིན་པའི་ངོས་ནས། མཚོ་བོད་དྲ་སྦྲེལ་ལས་གཞི་དེ2011ལོའི་ལོ་མཇུག་ཏུ་ལས་གཉེར་བྱེད་འགོ་བཙུགས་རྗེས། བོད་ལྗོངས་སུ་དགུན་དུས་གློག་མི་འདང་བའི་གནད་དོན་ཐག་གཅོད་བྱས་པ་རེད།
ཚ་འདམ་གཤོང་ས་ནས་ལྷ་ས་བར་གྱི་ཐད་རྒྱུག་དུམ་བུའི་ཆ་སྙོམས་མཚོ་འཕགས་སྨི4000ལས་བརྒལ་བས། ལས་གཉེར་སྲུང་སྐྱོང་བྱེད་པར་དཀའ་ཚེགས་ཆེན་པོ་ལྡན་ཡོད། ཐེངས་འདིའི་ལས་སྒྲུབ་ཀྱིས་རང་རྒྱལ་གྱི་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པའི་ཁྲོད་གློག་དྲ་ལས་གཉེར་སྲུང་སྐྱོང་གི་ནུས་པ་མངོན་པ་མ་ཟད། ས་གནས་དེ་གའི་དམངས་འཚོ་འགན་སྲུང་དང་དཔལ་འབྱོར་འཕེལ་རྒྱས་ལ་གློག་ཤུགས་ཀྱི་འདེགས་སྐྱོར་མཁོ་འདོན་བྱས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།