
འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་སྟོང་འདུས་ནག་ཆུའི་སྐོར་བྲོ་འཁྲབ་སྟོན་ཟླ6པའི་ཚེས25ཉིན་ནག་ཆུ་གྲོང་ཁྱེར་གེ་སར་རྟ་རྒྱུག་ཐང་དུ་སྤེལ་རྒྱུ་རེད། སྐོར་བྲོ་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཡིན་ལ། ནག་ཆུའི་སྐོར་བྲོའི་ནང་བོད་བྱང་ཐང་གི་ལོ་ངོ་སྟོང་གི་འབྲོག་ལས་རིག་གནས་ཀྱི་ནང་དོན་གང་ལེགས་མངོན་ཡོད། བྱ་འགུལ་དེ་ནི་ནག་ཆུ་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ས་བབ་མཐོ་ཚད་སྨི4500ཡན་གྱི་བྱང་ཐང་མཐོ་སྒང་དུ་སྤེལ་རྒྱུ་ཡིན་པས། དེ་གར“འཛམ་གླིང་ཐོག་ས་བབ་མཐོ་ཤོས”ཀྱི་སྟོང་འདུས་སྐོར་བྲོ་འཁྲབ་སྟོན་ཞེས་འབོད་ཀྱིན་ཡོད། 2026ལོའི་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའི་ཆ་ནས། ནག་ཆུ་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་བ་བྱང་ཐང་དུ་ཕེབས་ནས་གླིང་སྣེ་ནག་ཆུའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་རོལ་མྱོང་བྱེད་པར་གདན་དྲངས་ཡོད།
རྩོམ་སྒྲིག་པ། རིག་གྲོལ།