ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་སའི་འབྱུང་ཁམས་ཁོར་ཡུག་སྟོན་གྲངས་རྒྱལ་ཡོངས་ཀྱི་མདུན་གྲལ་ཡིན་པ།

སྤེལ་དུས 2026-08-05 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།


             གསར་འགོད་པར་ཚེས་3ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོར། ལྷ་ས་གྲོང་ཁྱེར་གྱིས་“འབྱུང་ཁམས་ལ་བརྟེན་ནས་གྲོང་ཁྱེར་འཛུགས་པའི”སྟོན་ཕྱོགས་ལ་དམིགས་ཏེ། རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བས། གྲོང་ཁྱེར་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཚུད་ཡོད།

             ལོ་ཧྲིལ་པོའི་མཁའ་རླུང་གི་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་99.7%ཟིན་ནས། རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་168ཀྱི་ཁྲོད་ནས་ཨང་གཉིས་པར་སླེབས་ཡོད།

             ཆུ་སའི་བཅོས་སྐྱོང་དང་འབྱུང་ཁམས་སླར་གསོ་མཉམ་དུ་སྤེལ་ཞིང་། 2025ལོར། ལྷ་ས་གྲོང་ཁྱེར་གྱི་ཆུ་བོ་གཙོ་བོའི་ཆུའི་སྤུས་ཚད་རྒྱལ་ཁབ་ཀྱི་རིགས་གསུམ་པའི་ཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ་དང་། འཐུང་ཆུའི་ཆུ་འགོ་ཁུལ་གྱི་ཆུའི་སྤུས་ཚད་ལོངས་ཚད་100%ཟིན་ཡོད། ལྷ་སར“རྒྱལ་སྤྱིའི་འདམ་རའི་གྲོང་ཁྱེར”གྱི་མཚན་སྙན་རྩེར་སོན་ཐོབ་པ་མ་ཟད། ལྷ་ཀླུ་འདམ་ར་སླར་གསོའི་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་དཔེ་སྟོན་མཚོན་གཞིར་བདམས་ཐོན་བྱུང་ཡོད། དེ་དང་ཆབས་ཅིག ཉང་བྲན་རོང་སོགས་སུ་གསའ་ཡི་རྗེས་ཤུལ་རྒྱུན་དུ་མཐོང་རྒྱུ་ཡོད་པ་དེས། ས་གནས་དེ་གའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་ར་འཕྲོད་བྱུང་ཡོད།

             འབྱུང་ཁམས་ཀྱི་སྲུང་ཡོལ་བརྟན་དུ་གཏོང་བ་དང་ཆབས་ཅིག ལྷ་སས་ལྗང་མདོག་འཕེལ་རྒྱས་ཀྱི་ཕན་འབྲས་ཟམ་མི་ཆད་པར་འདོན་སྤེལ་བྱས་ཡོད། ན་ནིང་གྲོང་ཁྱེར་དེར་རང་སྐྱོང་ལྗོངས་ཀྱི་4Aརིམ་པའི“སྙིགས་མེད་གྲོང་ཁྱེར”གྱི་མཚན་སྙན་ཐོབ་ཅིང་། འབྱུང་ཁམས་ལས་གནས་ཀྱི་ཁ་གསབ་མ་དངུལ་སྒོར་ཁྲི་4646ལྷག་ཙམ་སྤྲད་པ་དེས། མང་ཚོགས་ཁྲི་1.2ལྷག་ཙམ་ལ་ཕན་འབྲས་ཐོབ་ནས་འབྱུང་ཁམས་སྲུང་སྐྱོང་དང་དམངས་འཚོའི་བདེ་རྩ་གཉིས་ཀར་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཐོབ་ཡོད་། 2026ལོར། ལྷ་སས་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྤྱི་འདོམས་བྱས་ནས། རིན་ཐང་མཐོ་བའི་འབྱུང་ཁམས་ཀྱི་མཛེས་སྡུག་ལྡན་པའི་ལྷ་ས་མཉམ་དུ་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། རིག་གྲོལ།