ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཝང་ཅུན་ཀྲེང་གིས་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ།

ཡན་ཅིན་ཧའེ་དང་ལིའུ་ཅང་མཇལ་འཛོམས་ལ་ཞུགས་པ།

སྤེལ་དུས 2026-08-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

            ཟླ་8ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་བ་རེད།

            ཡན་ཅིན་ཧའེ་དང་ལིའུ་ཅང་མཇལ་འཛོམས་ལ་ཞུགས་པ་རེད།

ཟླ་8ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་དང་མཇལ་འཛོམས་གནང་།

            ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་པཎ་ཆེན་རིན་པོ་ཆེ་བོད་དུ་འགན་སྒྲུབ་ཕྱག་ལས་དང་། རྟོག་ཞིབ་བརྟག་ཞིབ། ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་བ་བཅས་ལ་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། པཎ་ཆེན་རིན་པོ་ཆེ་འཚར་ལོངས་དང་ཡར་རྒྱས་བྱུང་བར་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་ཤིང་། ཁོང་གིས། 2025ལོའི་ཟླ་6པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པཎ་ཆེན་ཉིད་ཀྱི་གུས་མཇལ་དང་ལེན་གནང་སྐབས་ཁྱེད་ལ་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མིག་དཔེར་བཟུང་ནས་ནང་བསྟན་གྱི་མཁྱེན་རྒྱ་ཡངས་པ་དང་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་དད་གུས་ཐོབ་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཞིག་ཏུ་ཧུར་ཐག་འགྱུར་བར་བྱས་ཏེ། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་ཞི་དུལ། བོད་བརྟན་ལྷིང་དང་འཕེལ་རྒྱས་ཡར་ཐོན་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་སྐུལ་ལྕག་གནང་ཡོད། ལོ་གཅིག་རིང་། པཎ་ཆེན་རིན་པོ་ཆེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ནན་པོ་བློ་ལ་བརྟན་པོར་ངེས་ནས། རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་རྟོག་ཞིབ་བརྟག་ཞིབ་དང་འཚམས་འདྲི་བཞུགས་མོལ་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་། བོད་མི་དམངས་ལ་ཐུགས་ཁུར་ཟབ་བཞེས་གནང་ལུགས་དྲིལ་བསྒྲགས་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བོད་དུ་གྲུབ་འབྲས་ཐོབ་པའི་ལག་ལེན་དྲིལ་བསྒྲགས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཉིན་རེ་བཞིན་རྣམ་པ་གསར་པ་ཐོན་པའི་འགྱུར་ལྡོག་དྲིལ་བསྒྲགས་བཅས་གནང་ནས། རང་འགུལ་ངང་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་དང་ཆོས་ལུགས་སྐྱོན་བྲལ་ངང་རྒྱུན་འཛིན་ལ་སྐུལ་འདེད་ཧུར་ཐག་བཏང་ཐོག མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་གཅིག་ཏུ་སྒྲིལ་བ་དང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཉམས་འགྱུར་བཟང་པོ་མངོན་པར་བྱས་ཡོད། པཎ་ཆེན་རིན་པོ་ཆེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་རང་འགན་གཙང་སྒྲུབ་དང་ནུས་པ་ཧུར་ཐག་བཏོན་ཏེ་རླབས་ཆེན་གྱི་སྐྱེས་བུ་ཞིག་ཏུ་འགྱུར་བའི་རེ་བ་ཡོད། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། པཎ་ཆེན་སྐུ་ཕྲེང་རིམ་བྱོན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་རྒྱལ་གཅེས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་དྲིལ་བསྒྲགས་གཏིང་ཟབ་བཅས་བྱས་ནས། གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་ལ་རྗེས་དཔག་གི་འཆད་འགྲེལ་བྱེད་པར་ཤུགས་སྣོན་རྒྱག་པ། རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་གཏིང་ཟབ་བཅས་བྱས་ནས། ཆོས་ལུགས་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས། རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་ཐོག་མའི་བསམ་འདུན་དར་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་འདུན་པ་བཅས་དང་ཟུང་འབྲེལ་བྱེད་པ་དང་། སེམས་ཅན་ཐམས་ཅད་སྡུག་སྔལ་ལས་སྒྲོལ་བ་དང་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དང་ཟུང་འབྲེལ་བྱས་ནས། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱིས་རང་འགུལ་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ནང་ཞུགས་པར་ཁྲིད་སྟོན་བྱེད་དགོས། ཐོས་བསམ་སྒོམ་གསུམ་ལ་གཞོལ་བ་དང་། གཤིས་སྤྱོད་བཟང་དུ་གཏོང་བ། སློབ་སྦྱོང་ལ་བརྩོན་པ་ཆུ་བོའི་རྒྱུན་བཞིན་སྐྱོང་བའི་རྣམ་འགྱུར་རྒྱུན་འཁྱོངས་བྱེད་པ། ཤེས་བྱ་ཡོན་ཏན་ལ་འབད་བརྩོན་དང་། གསུང་རབ་ལ་ཞིབ་འཇུག་གཏིང་ཟབ། ཀུན་སྤྱོད་སྦྱོང་བརྡར་བཅས་བྱེད་པ། སྣེ་ཁྲིད་དེ“ཚད་གཞི་བཞི”ལ་བརྩི་སྲུང་ཞུ་བ། གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཆོས་ལུགས་ལ་དད་མོས་བྱེད་པ་དེ་ཁྲིམས་སྲུང་དང་། དགེ་སྒྲུབ། ཡར་ཐོན་བཅས་དང་གཅིག་གྱུར་ཡོང་བར་ཁྲིད་སྟོན་བཅས་བྱས་ཏེ། སྒྲིག་བཀུར་ཁྲིམས་སྲུང་དང་། སྡོམ་ཁྲིམས་སྲུང་བ། ཁ་དན་ཚིག་གནས་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

            པཎ་ཆེན་རིན་པོ་ཆེས། བོད་དུ་ལོག་ནས་རྟོག་ཞིབ་དང་བརྟག་ཞིབ་བྱེད་རིམ་བཞིན་བོད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། ནམ་མཁའ་གཡའ་དག་པ་དང་། ཆུ་བོ་དྭངས་ཤིང་གཙང་བ། རི་ཀླུང་མཛེས་སྡུག་ལྡན་པ་བཅས་ཡོད་པ་མ་ཟད། མི་རིགས་ཁག་གི་མི་དམངས་ཀྱིས་སེམས་ནུས་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་དོན་གཉེར་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པའི་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་པ་དང་། ཁོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་ཆབ་སྲིད་ཀྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་དང་ཏང་གི་མི་རིགས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་མཛད་ཕྱོགས་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བྱས་ཏེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་ཆེད་སྟོབས་ཤུགས་སྐྱེས་སུ་ཧུར་ཐག་འབུལ་གྱི་ཡིན། ཆོས་ལུགས་ཀྱི་བློ་སྦྱོང་ཟབ་ཏུ་གཏོང་བ་དང་། ཆོས་ལུགས་ཀྱི་ཡོན་ཚད་མཐོ་རུ་གཏོང་བ། དྲིལ་བསྒྲགས་སྒྲོག་འགྲེལ་དང་། ཆོས་འཆད་ཆོས་གསུང་། བསྟན་དོན་འཆད་འགྲེལ་སོགས་ཀྱི་བྱ་ཐབས་བརྒྱུད། ཏང་དང་སྲིད་གཞུང་གིས་བོད་ཀྱི་མི་དམངས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་དེ་གྲྭ་བཙུན་དང་དད་ལྡན་མང་ཚོགས་ཀྱི་ཁྲོད་དུ་ཁྱབ་པར་བྱེད་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བར་བྱེད་ཀྱི་ཡིན། ངེས་གནས་གནད་ལ་འཁེལ་པོས་འཚོལ་བ་དང་ནུས་པ་ཧུར་ཐག་བཏོན་ཏེ་བློ་བརྟན་འགྱུར་མེད་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ནང་ཞུགས་མཁན་དང་སྲུང་སྐྱོང་བྱེད་མཁན་ཞིག་མཐའ་གཅིག་ཏུ་བྱེད་པ་དང་། རྒྱ་ཆེའི་གྲྭ་བཙུན་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་གྱིས་རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་དུལ་བཅས་སྲུང་སྐྱོང་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་གསུངས་པ་རེད།


རྩོམ་སྒྲིག་པ། རིག་གྲོལ།