ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

རྣ་ཐོས་ལའི་མཐའ་མཚམས་ཚོང་ལམ་སླར་གསོ་ཐུབ་པ།

སྤེལ་དུས 2026-08-06 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

             ཟླ་8ཚེས་1ཉིན། རྣ་ཐོས་ལའི་མཐའ་མཚམས་ཚོང་ལམ་དངོས་སུ་སླར་གསོ་ཐུབ་ཅིང་། སླར་གསོ་ཐུབ་པའི་མཛད་སྒོ་གྲོ་མོ་རྫོང་གྲོང་དང་བར་ཐག་སྤྱི་ལེ་52ཡོད་པའི་རྣ་ཐོས་ལའི་ལུང་མདོར་འཚོགས་པ་རེད།

            རྣ་ཐོས་ལ་ནི་དེ་སྔ“དར་གོས་ལམ་བུའི”ལྷོ་ལམ་གྱི་བགྲོད་ལམ་གཙོ་བོ་དང་། དེ་བཞིན་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཁག་དབར་གྱི་ཚོང་དོན་གྱི་ཟམ་སྣེའི་བཙན་རྫོང་ལྟ་བུ་ཞིག་རེད་ལ། བོད་ཀྱི་ཕྱི་ཕྱོགས་སྒོ་དབྱེའི་སྐར་ཁུང་གལ་ཆེན་ཞིག་ཀྱང་རེད། རྣ་ཐོས་ལའི་མཐའ་མཚམས་ཚོང་ལམ་སླར་གསོ་ཐུབ་པ་དེ་ཐོག་ནས་མཐའ་མཚམས་ཡུལ་མིའི་ཚོང་འབྲེལ་ལ་སླར་ཡང་མཉམ་ལས་གཉིས་ཁེ་དང་དར་རྒྱས་གོང་འཕེལ་ཡོང་བའི་རྣམ་པ་གསར་རྐྱང་ཞིག་མངོན་པ་མཚོན་གྱི་ཡོད།

            གོམ་སྟབས་རྗེས་མར། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་གི་སྡེ་ཚན་ཁག་གིས་སྟོབས་ཤུཌ་གཅིག་སྒྲིལ་གྱིས་མཉམ་ལས་བྱས་ཏེ་འཕར་སྣོན་བརྟན་པོ་དང་། ལས་ཞུཌ་ལ་སྐུལ་འདེད། དམངས་འཚོར་ཕན་འདོགས་པ་སོགས་ཐད་ཀྱི་མཐའ་མཚམས་ཚོང་དོན་གྱི་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་བཏོན་ནས། གྲོ་མོའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་དང་མཐའ་མཚམས་ས་ཁུལ་དར་རྒྱས་བརྟན་ལྷིང་ཡོང་ཕྱིར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་པ་རེད།


རྩོམ་སྒྲིག་པ། རིག་གྲོལ།