
ཡུལ་སྐོར་བས་འབྲི་ཏ་ས་འཛིན་གྱི་ར་བའི་ནང་འབྲི་ཏ་ས་འཛིན་གྱི་བྲོ་བ་མྱོང་བ་དང་དྲན་རྟེན་འདྲ་པར་ལེན་བཞིན་པ།

རང་སྨྱན་སྦྱོར་གྱི་ལས་ཀ་གཉེར་མཁན་པད་མ་ཆོས་སྒྲོན་གྱིས་ཚ་མོ་གཉིས་ཁྲིད་ནས་སྔོག་འཐུའི་སྤྲོ་སྣང་ལ་རོལ་བ།

གླིང་མདའ་ཤང་གི་ཕྲུ་གུ་ཚོས་འབྲི་ཏ་ས་འཛིན་བཏུས་ནས་རྩེད་འཇོར་རོལ་བ།

རྒྱ་ཚ་རྫོང་གི་མང་ཚོགས་ཀྱིས་འབྲི་ཏ་ས་འཛིན་འཐུ་བཞིན་པ།

འབྲི་ཏ་ས་འཛིན་འཐུ་ཡུལ་ཡིན་པ།
ཉིན་ཤས་གོང་། རྒྱ་ཚ་རྫོང་གླིང་མདའ་ཤང་གི་འབྲི་ཏ་ས་འཛིན་འཐུ་བའི་བྱེད་སྒོ་སྐབས་བདུན་པ་སྐམ་པོ་བྱེ་ཐང་གྲོང་ཚོར་འགོ་ཚུགས་པ་དང་། ཡུལ་སྐོར་བ་3000ཙམ་དེ་གར་འཛོམས་ཡོད། གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་སྐར་མ་ཤེས་རབ་ཀྱིས་ངོ་སྤྲོད་བྱས་དོན། གྲོང་ཚོ་དེས“ཤང་རེར་སྤུས་རྟགས་རེ”ཡི་ལས་ཀའི་བསམ་ཕྱོགས་ཟབ་ཏུ་བཏང་ནས་ལོ་7བསྟུད་མར་འབྲི་ཏ་ས་འཛིན་གྱི་ཁྱད་ལྡན་འདེབས་འཛུགས་སྤུས་རྟགས་བཏོད་པ་རེད། མིག་སྔར་གྲོང་ཚོའི་ནང་འབྲི་ཏ་ས་འཛིན་མུའུ་87བཏབ་ནས་འབྲི་ཏ་ས་འཛིན་གྱི་ཁུ་བ་དང་། འབྲི་ཏ་ས་འཛིན་གྱི་ཆང་རག འབྲི་ཏ་ས་འཛིན་གྱི་འཁྱགས་ཞོ་སོགས་ཞོར་གཏོགས་ཐོན་རྫས་གསར་སྤེལ་བྱས་པས་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་60ལྷག་ཙམ་བྱུང་ཡོད། སྔོན་དཔག་ལྟར་ན། ད་ལོའི་ཐོན་འབབ་ཏུན་2ལས་བརྒལ་རྒྱུ་དང་འཐུ་བའི་བྱེད་སྒོ་ཡང་ཟླ་8པའི་ཟླ་མཇུག་བར་རྒྱུན་མཐུད་སྤེལ་རྒྱུ་རེད།
རྩོམ་སྒྲིག་པ། རིག་གྲོལ།