ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས31ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་བཀྲ་ཤིས་ལྷུན་པོ་དགོན་དུ་སྨོན་ལམ་འཚོགས་ཏེ། བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐེབས་པའི་མང་ཚོགས་ལ་བསྔོ་སྨོན་གནང་།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐེབས་པའི་མང་ཚོགས་ལ་བསྔོ་སྨོན་གནང་བཞིན་པ།
སྔ་དྲོའི་ཆུ་ཚོད9དང་སྐར་མ30སྟེང་། བཀྲ་ཤིས་ལྷུན་པོ་དགོན་གྱི་ཚོགས་ཆེན་འདུ་ཁང་དུ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་དགེ་འདུན་པའི་སྡེ་དང་མཉམ་དུ་གཤིན་པོར་བསྔོ་སྨོན་གནང་ཞིང་། འདས་པོ་རྣམས་སྐྱེ་བ་རྗེས་མར་བདེ་བ་ཅན་དུ་སྐྱེ་བ་དང་། གསོན་ངོགས་ན་ཡོད་པ་དག་སྡུག་བསྔལ་དང་བྲལ་བ། སྐྱེ་འགྲོ་ཐམས་ཅད་ཁམས་བདེ་ཡོང་བའི་སྨོན་ལམ་བརྒྱབ།
པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐེབས་པའི་མང་ཚོགས་ལ་བསྔོ་སྨོན་གནང་བ།
བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པ་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣས་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཐེབས་པའི་མང་ཚོགས་ལ་བསྔོ་སྨོན་གནང་བཞིན་པ།

སྨོན་ལམ་དུས་ཚོད་གཅིག་དང་ཕྱེད་ཀ་ཙམ་ལ་འཚོགས་པ་དང་། བཀྲ་ཤིས་ལྷུན་པོ་དགོན་གྱི་དགེ་འདུན་པ་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ200ལྷག་ཞུགས་ཡོད།