བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས“དྲ་བ་གཙང་སེལ”ཞེས་པའི་2026གི་ཆེད་དོན་བྱ་སྤྱོད་རྒྱུན་མཐུད་སྤེལ་བ་དང་། དྲ་རྒྱར་སྐྱིད་གྲོང་འགག་སྒོའི་ཆུ་རུད་གནོད་འཚེའི་སྐོར་གྱི་ཆ་འཕྲིན་རྫུན་མ་བསྐུར་ནས་སྤྱི་དམངས་ལ་གོ་བ་ལོག་སྒྲུབ་དང་དྲ་རྒྱའི་སྒྲིག་ལམ་ཟང་ཟིང་བཟོ་བའི་འབྲེལ་ཡོད་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་བཏང་བ་རེད།
གཤམ་ལ་དཔེ་མཚོན་གྱོད་དཔེ་10ཡོངས་བསྒྲགས་བྱས་པ་སྟེ།
གྱོད་དཔེ་དང་པོ། ཆིའུ་ཆེ་གེ་མོས་དྲ་བར་རང་སྣང་འོལ་ཚོད་ཀྱིས“མི་3000འབྲེལ་ཐག་ཆད་ཡོད”ཅེས་པའི་དཀྲོག་གཏམ་སྤེལ་བ་བོད་ལྗོངས་ཆབ་མདོ་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་རྩད་ཆོད་པ་རེད།
མིག་སྔར། ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆིའུ་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
གྱོད་དཔེ་གཉིས་པ། ལིའུ་ཆེ་གེ་མོས་དྲ་བར“ཀྲུང་གོའི་ཕྱོགས་སུ་མི་3000ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད”ཅེས་པའི་དཀྲོག་གཏམ་སྤེལ་བ་བོད་ལྗོངས་ལྷ་ས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་རྩད་ཆོད་པ་རེད།
མིག་སྔར། ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལིའུ་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
གྱོད་དཔེ་གསུམ་པ། ཐན་ཆེ་གེ་མོས་དྲ་བར“གཞིས་རྩེའི་སྐྱིད་གྲོང་འགག་སྒོར་མི་སྟོང་ཕྲག་ཁ་ཤས་སྲོག་ཤོར་ཡོད”ཅེས་པའི་དཀྲོག་གཏམ་སྤེལ་བ་བོད་ལྗོངས་ལྷ་ས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་རྩད་ཆོད་པ་རེད།
མིག་སྔར། ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐན་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
གྱོད་དཔེ་བཞི་པ། ཀྲང་ཆེ་གེ་མོས་དྲ་བར“མི་སྟོང་ཙམ་ཆུ་རུད་ཀྱིས་འཁྱེར་ཡོད་ཀྱང་། གཞུང་ཕྱོགས་ནས་མི་3རྐྱེན་ལམ་དུ་ཤོར་བ་དང་མི་265གར་སོང་ཆ་མེད་དུ་གྱུར་ཡོད་ཅེས་བཤད་འདུག”ཅེས་དང“ལས་དོན་པ་200ཙམ་དང་། ཨར་སྐྲུན་བཟོ་པ་500ནས་600བར། ད་དུང་ཡུལ་སྐོར་བ་དང་འགག་སྒོ་སྒྲོལ་མཁན་ཡོད་པས། ཉུང་མཐར་ཡང་མི་ཆིག་སྟོང་ལྷག་ཙམ་ཡོད”ཅེས་པའི་དཀྲོག་གཏམ་སྤེལ་བ་བོད་ལྗོངས་ལྷ་ས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་རྩད་ཆོད་པ་རེད།
མིག་སྔར། ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཀྲང་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
གྱོད་དཔེ་ལྔ་པ། ཕན་ཆེ་གེ་མོས་དྲ་བར“དེ་རིང་། ཆུ་རུད་ཀྱིས་མི་1000ལྷག་ཙམ་འཁྱེར་ཡོད”ཅེས་པའི་དཀྲོག་གཏམ་སྤེལ་བ་བོད་ལྗོངས་ལྷ་ས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་རྩད་ཆོད་པ་རེད།
མིག་སྔར། ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཕན་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
གྱོད་དཔེ་དྲུག་པ། དབྱི་ཆེ་གེ་མོས་དྲ་བར“ཚབས་ཆེན་པོ་མ་རེད། མི་500ཡས་མས་ཤི་བ་དང་། གར་སོང་ཆ་མེད་དུ་གྱུར་བའི་མི་ཚང་མ་ཕལ་ཆེར་གྲོངས་པ་རེད”ཅེས་པའི་དཀྲོག་གཏམ་སྤེལ་བ་བོད་ལྗོངས་ལྷ་ས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་རྩད་ཆོད་པ་རེད།
མིག་སྔར། ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དབྱི་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
གྱོད་དཔེ་བདུན་པ། ཀྲོའུ་ཆེ་གེ་མོས་བརྙན་ཐུང་བསྐུར་ཏེ“ཀོང་ཤིས་སུ་གནོད་འཚེ་ཐོན་པས་མ་ཚད། བོད་དུ་སླར་ཡང་ཆུ་རུད་ཐོན་ནས་མི་ཁྲི་ལྷག་ཙམ་ཤི་བ་གོ་ཐོས་བྱུང་། དེ་བདེན་པ་ཡིན་མིན་ཤེས་མ་སོང་། གཞུང་ཕྱོགས་ནས་ད་དུང་བརྡ་ཁྱབ་བཏང་མིན་འདུག” ཅེས་དང“ན་ནིང་ཀོང་ཏུང་ལ་ཆུ་རུད་ཐོན་ཏེ་མི་2ནས་30བར་ཤི་ཡོད” “ད་རེས་ཀྱི་ཆུ་རུད་དེས་གྲོང་ཚོ་གཅིག་རྦད་དེ་འཁྱེར་ཡོད་པས་མི་ཆིག་སྟོང་གིས་ཚད་ཀྱི་མ་རེད”སོགས་ཀྱི་དཀྲོག་གཏམ་སྤེལ་བ་ཧུའུ་ནན་ཤང་ཤིས་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་རྩད་ཆོད་པ་རེད།
མིག་སྔར། ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཀྲོའུ་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
གྱོད་དཔེ་བརྒྱད་པ། གོ་ཆེ་གེ་མོས་བརྙན་ཐུང་གི་དཔྱད་གཏམ་སྤེལ་སར“མ་མཐར་ཡང་མི་ཆིག་སྟོང་ལྷག་ཙམ་ཤི་ཡོད་སྲིད”ཅེས་པའི་དཀྲོག་གཏམ་སྤེལ་བ་ནང་སོག་ཧུའུ་ལུན་པེར་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་རྩད་ཆོད་པ་རེད།
མིག་སྔར། ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་གོ་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
གྱོད་དཔེ་དགུ་པ། དབྱང་ཆེ་གེ་མོས་བརྙན་ཐུང་བསྐུར་ནས“འབྲེལ་བ་ཆད་པའི་མི་གྲངས་826བར་འཕར་འདུག”ཅེས་པའི་དཀྲོག་གཏམ་སྤེལ་བ་ཅང་ཤིས་ནན་ཁྲང་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་རྩད་ཆོད་པ་རེད།
མིག་སྔར། ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དབྱང་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
གྱོད་དཔེ་བཅུ་པ། དབྱང་ཆེ་གེ་མོས་བརྙན་ཐུང་གི་དཔྱད་གཏམ་སྤེལ་སར་སྐྱིད་གྲོང་འགག་སྒོའི་ཆུ་རུད་ནང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་དོན་དངོས་དང་མཐུན་གྱི་མེད་ཅེས་པའི་དཀྲོག་གཏམ་སྤེལ་བ་ཁྲུང་ཆིང་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་རྩད་ཆོད་པ་རེད།
མིག་སྔར། ཁོངས་གཏོགས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དབྱང་ཆེ་གེ་མོར་སྲིད་འཛིན་གྱི་ཆད་པ་བཅད་པ་རེད།
བཅའ་ཁྲིམས་ཀྱི་དོན་ཚན་འབྲེལ་མཐུད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཉེར་དགུ་པར་འཁོད་པར། གཤམ་གསལ་བྱ་སྤྱོད་ཀྱི་རིགས་གཅིག་ཡོད་ཚེ། བཀག་ཉར་ཉིན་ལྔ་ཡན་ནས་ཉིན་བཅུ་མན་བྱེད་ཀྱི་ཡོད་པ་དང་འབྲེལ། སྒོར་ཆིག་སྟོང་མན་གྱི་དངུལ་ཆད་གཅོད་ཆོག་པ་དང་། གནས་ཚུལ་ཚབས་ཅུང་ཆུང་བར་བཀག་ཉར་ཉིན་ལྔ་མན་བྱེད་པའམ་ཡང་ན་དངུལ་ཆད་སྒོར་ཆིག་སྟོང་མན་གཅོད་ཀྱི་ཡོད་པ་སྟེ། (གཅིག) རྐང་བཙུགས་ནས་དཀྲོག་གཏམ་སྤེལ་ཏེ་ཉེན་ཁའི་གནས་ཚུལ་དང་། རིམས་ནད་ཀྱི་གནས་ཚུལ། གནོད་སྐྱོན་བྱུང་ཚུལ། ཉེན་དོན་གནས་ཚུལ་བཅས་རྫུན་མ་སྤེལ་བའམ་ཡང་ན་བྱ་ཐབས་གཞན་དག་ལ་བརྟེན་ནས་རྐང་བཙུགས་ཏེ་སྤྱི་པའི་སྒྲིག་ལམ་ལ་གཏོར་སྐྱོན་གཏོང་རིགས། (གཉིས) འབར་གས་དང་། དུག་སྐྱོན། འགྱེད་འཕྲོ། རུལ་བསླད་བཅས་ཀྱི་དངོས་རྫས་སམ་ཡང་ན་འགོས་ནད་ཀྱི་ནད་རྐྱེན་ལ་སོགས་པའི་ཉེན་ཆེའི་དངོས་རྫས་རྫུན་མ་བཏོན་ཏེ་སྤྱི་པའི་སྒྲིག་ལམ་ལ་གཏོར་སྐྱོན་གཏོང་རིགས། (གསུམ ) མེ་རྒྱག་པ་དང་། འབར་གས་བཟོ་བ། ཉེན་ཆེའི་དངོས་རྫས་འཇོག་པ་སོགས་སྤྱི་པའི་བདེ་འཇགས་ལ་གནོད་པའི་ཉེས་གསོག་བྱེད་སྤྱོད་སྤེལ་གྱི་ཡིན་ཞེས་འུད་སྒྲོག་བྱས་ཏེ་སྒྲིག་ལམ་ལ་གཏོར་སྐྱོན་གཏོང་རིགས།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དགུ་བཅུ་གོ་གཅིག་གི་ནང་ཚན་དང་པོའི་ནང་གསེས་གཉིས་པར་འཁོད་པར། ཆ་འཕྲིན་རྫུན་མ་བཟོ་བ་དང་རྐང་བཙུགས་ནས་ཉེན་ཁའི་གནས་ཚུལ་དང་། ནད་ཡམས་ཀྱི་གནས་ཚུལ། གནོད་འཚེ་བྱུང་ཚུལ། ཉེན་དོན་གནས་ཚུལ་བཅས་རྫུན་མ་བཟོས་ཏེ་ཆ་འཕྲིན་དྲ་རྒྱའམ་ཡང་ན་སྨྱན་སྦྱོར་གཞན་དག་ཏུ་སྤེལ་བ་དང་། ཡང་ན་གོང་གསལ་གྱི་ཆ་འཕྲིན་རྫུན་མ་ཡིན་པ་ཤེས་བཞིན་དུ་རྐང་བཙུགས་ནས་ཆ་འཕྲིན་དྲ་རྒྱའམ་ཡང་ན་སྨྱན་སྦྱོར་གཞན་དག་ཏུ་སྤེལ་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་སྐྱོན་ཚབས་ཆེན་བཟོས་རིགས་ལ། ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་དང་། བཙན་ཉར། གཅུན་འདོམས་བཅས་བྱེད་པ་དང་། མཇུག་འབྲས་ཚབས་ཆེན་བཟོས་རིགས་ལ་ལོ་གསུམ་ཡན་ནས་ལོ་བདུན་མན་གྱི་དུས་བཀག་བཙོན་འཇུག་བྱེད་ཀྱི་ཡོད།