ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྐྱིད་གྲོང་གི་གནོད་འཚེའི་ནང་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུ།

སྤེལ་དུས 2026-09-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན རྩོམ་པ་པོ།

         ཟླ་9པའི་ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ་55ཡི་ཐོག བོད་རང་སྐྱོང་ལྗོངས་ཀྱིས་གཞིས་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་སྐྱིད་གྲོང་འགག་སྒོའི་ཡན་ལག་ཅུས་སུ་གནོད་འཚེའི་ནང་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་ཡོད། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེའི་ལྟེ་བའི་ཁུལ་གྱི་རོགས་སྐྱོབ་ཡུལ་དངོས་དང་འགྲོ་ལམ་མྱུར་བཟོའི་ཡུལ་དངོས་སོགས་སུ་དུས་གཅིག་ཏུ་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་ཡོད་ཅིང་། ཕྱོགས་མང་པོའི་རོགས་སྐྱོབ་མི་སྣ་དང་ས་གནས་ཀྱི་ལས་བྱེད་པ་དང་མང་ཚོགས་སོགས་མྱ་ངན་ཞུ་བའི་བྱེད་སྒོའི་ནང་ཞུགས་ཡོད།