དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ལྟ་འདོམས་ཅུས་ཀྱིས་རོགས་སྐྱོབ་འཕུར་སྐྱོད་ཀྱི་བདེ་འཇགས་འགག་སྒོ་བརྟན་པོར་སྲུང་བ།
སྤེལ་དུས 2026-09-03
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
དམངས་སྤྱོད་མཁའ་འགྲུལ་གྱི་གོང་རིམ་གྱི་བཀོད་སྒྲིག་གཞིར་བཟུང་། ཟླ་8ཚེས་30ཉིན་དམངས་སྤྱོད་མཁའ་འགྲུལ་བོད་རང་སྐྱོང་ལྗོངས་བདེ་འཇགས་ལྟ་འདོམས་ཅུས(གཤམ་དུ“དམངས་སྤྱོད་མཁའ་འགྲུལ་བོད་ལྗོངས་ལྟ་འདོམས་ཅུས”ཞེས་བསྡུ་རྒྱུ)ཀྱིས་འཕུར་སྐྱོད་འཁོར་སྐྱོད་ཀྱི་ལྟ་ཞིབ་པ་སྐྱིད་གྲོང་འགག་སྒོའི་རྒུད་སྐྱོབ་ཀྱི་འཐབ་ས་དང་པོར་མངགས་ནས། ཆིང་ཏའོ་ཐད་འཕུར་གནམ་གྲུ་ཀུང་སིས་ལག་བསྟར་བྱས་པའི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་འཕུར་སྐྱོད་ལས་འགན་སྤེལ་བར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་བདེ་འཇགས་ལྟ་འདོམས་ཀྱི་ལས་དོན་འཐབ་ས་མདུན་མར་སྤེལ་བ་རེད།
སྐམ་ལམ་བཀག་སྡོམ་དང་རོགས་སྐྱོབ་བྱེད་ཡུན་ཚད་བཀག་ཡོད་པའི་གནས་ཚུལ་འོག་ཐད་འཕུར་གནམ་གྲུ་གྲོག་རོང་དུ་འཕུར་སྐྱོད་དང་། མི་སྣ་འཚོལ་སྐྱོབ། དངོས་ཟོག་སྐྱེལ་འདྲེན་བཅས་ཀྱི་འགག་རྩའི་སྟོབས་ཤུགས་སུ་གྱུར་ཡོད། ད་ཐེངས་ཀྱི་རོགས་སྐྱོབ་ནང་ཆིང་ཏའོ་ཐད་འཕུར་གནམ་གྲུ་ཀུང་སིས“མཁའ་ཐོག་ལྗིད་ཐེག་འཕྲུལ་འཁོར”ཞེས་པའི་ས་མཐོའི་སྐྱེལ་འདྲེན་ཐད་འཕུར་གནམ་གྲུ་2བཏང་བ་རེད། མིག་སྔར་སྐྱིད་གྲོང་འགག་སྒོར་མི་སྣ་འཚོལ་སྐྱོབ་དང་དངོས་ཟོག་བརྒྱུད་འདྲེན་ལས་འགན་བསྒྲུབས་ནས་རྗེས་མཐུད་ཀྱི་རོགས་སྐྱོབ་ལས་དོན་ལ་ནུས་ཤུགས་ཡོད་རྒུ་འདོན་བཞིན་ཡོད།