ཚེས་7ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཚོགས་འདུ(རྒྱ་ཆེ)གཙོ་སྐྱོང་གནང་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་སློབ་སྦྱོང་དང་བརྒྱུད་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་སྲིད་གཞུང་ཁོངས་གཏོགས་ཀྱི་ལག་བསྟར་དོན་འཁྱོལ་གྱི་ལས་དོན་ལ་ཞིབ་འཇུག་གནང་བ་རེད།
ཚོགས་འདུ་མ་འཚོགས་གོང་ཚོགས་ཞུགས་མི་སྣ་ཡོངས་ཡར་བཞེངས་ཏེ་སྐྱིད་གྲོང་གི་ཆུ་རུད་ཁྲོད་རྐྱེན་ལམ་དུ་ཤོར་མཁན་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་གྱིས་ཉེན་སེལ་རོགས་སྐྱོབ་དང་གེགས་རྗེས་བསྐྱར་སྐྲུན་ལས་དོན་ལ་ཐོག་མཐའ་བར་གསུམ་དུ་སྤྱི་འདོམས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཞིབ་ཚགས་བྱེད་པ། དམིགས་ཚད་ལས་འགན་གཏན་འཁེལ་བྱེད་པ། འགན་འཁྲི་ནན་དུ་གཏོང་བ། འབྲེལ་གཏུག་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་འགོ་འཇུག་ཟབ་འཁྱོངས་ཀྱི་སེམས་ཤུགས་བརྟན་པོ་དང་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པའི་ངར་ཤུགས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། ཏང་ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གི་དཔལ་འབྱོར་དགོངས་པ་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་སྤྱིའི་གཞི་འཛིན་ས་དང་སྤྱིའི་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པའི་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། བོད་ཀྱི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་རང་རྟོགས་ངང་བཞག་ནས་ཇུས་འགོད་དང་སྐུལ་འདེད་གཏོང་བ། ད་ལོའི་དམིགས་ཚད་ལས་འགན་ལེགས་སྒྲུབ་དང་སང་ལོའི་དུས་ཚིགས་དང་པོའི་ལས་དོན“འགོ་ཚུགས་མ་ཐག་གྲུབ་འབྲས་ཐོབ་པ”གཉིས་ཀར་དོ་སྣང་བྱེད་པ། ཡིད་ཆེས་བརྟན་གཏོང་དང་གོ་སྐབས་དམ་འཛིན་བྱེད་པ། ནུས་པ་ཆེར་གཏོང་དང་སྲིད་ཇུས་ཡག་པོ་སྤྱོད་པ། འགན་འཁྲི་ནན་དུ་གཏོང་བ་དང་མཐུན་སྦྱོར་མཉམ་འགུལ་བྱེད་པ། ཐབས་མང་མཉམ་སྤྱོད་ཀྱིས་ཁྲོམ་རའི་སྔོན་དཔག་བརྟན་དུ་གཏོང་བ་དང་། ཁེ་ལས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། མང་ཚོགས་ཀྱི་ངར་ཤུགས་འཕེལ་བ་བཅས་བྱས་ཏེ་རང་ངོས་ལས་དོན་གྱི་གཏན་འཁེལ་རང་བཞིན་ལ་བརྟེན་ནས་ཕྱི་ཕྱོགས་ཁོར་ཡུག་གི་གཏན་འཁེལ་མེད་པའི་རང་བཞིན་ལ་ཁ་གཏད་བཅག་ནས། དཔལ་འབྱོར་བརྟན་ཐོག་ཡར་འཕེལ་ཡོང་བའི་རྣམ་པ་ནུས་ཤུགས་ཡོད་རྒུས་བརྟན་དུ་ཧུར་ཐག་གཏོང་དགོས།
ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཅང་ཙེ་མིན་སྐུ་འཁྲུངས་ནས་ལོ་ངོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སྔར་བས་འགྱུར་མེད་ངང་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་པ་དང་། རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་འགན་འཁྲི་འཁུར་བ་དང་། “དོན་ཆེན་བཞི”རྒྱུན་མཐུད་དམ་འཛིན་གཏིང་ཟབ་བྱེད་པར་དམིགས་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གངས་ལྗོངས་ས་མཐོར་རྩ་བ་ཚུགས་ནས་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་དང་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་མུ་མཐུད་སློབ་སྦྱོང་གཏིང་ཟབ་དང་། གོ་བ་གཏིང་ཟབ་ལེན་པ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ཏེ་རྒྱུན་རྣམ་དང་ཕུགས་ལ་ཕན་པའི་སྒོ་ནས་རྩ་བ་བརྟན་དུ་གཏོང་བ་དང་། གནད་དོན་བཤེར་བཅོས། སྒྲིག་སྲོལ་དང་ལམ་ལུགས་འཛུགས་པ། དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དམངས་འཚོར་ཕན་འདོགས་པ། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་གྲུབ་འབྲས་དང་ཕན་འབྲས་དངོས་ལ་གྱུར་བ་བྱེད་དགོས།