ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྒོ་འགྲམ་གྱི“གསེར་མདོག་ཐོན་ལས”

སྤེལ་དུས 2026-09-13 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

  

  ཡུལ་དེ་གའི་མང་ཚོགས་ཀྱིས་ལུག་མིག་མེ་ཏོག་འཐུ་བཞིན་པ།

            ཟླ་9པར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་ལུག་མིག་མེ་ཏོག་རབ་ཏུ་བཞད་ཅིང་། མུའུ་16ཡུག་སྦྲེལ་དུ་བཏབ་པའི་ལུག་མིག་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་ནས་གསེར་མདོག་གི་ཞིང་ཐང་ཞིག་དང་ཀུན་ནས་མཚུངས་པ་དང་། ས་མཐོའི་གཡའ་དག་པའི་ནམ་མཁའ་དང་སྔོ་ལྗང་ལྗོན་ཤིང་གི་མཛེས་རྒྱན་འོག་དེ་བས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་འོང་།

            དཔེ་སྟོན་གླིང་དེ་སྤྱོད་འགོ་ཚུགས་ཚུན། ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱིས་ལུག་མིག་མེ་ཏོག་འདེབས་འཛུགས་དང་། གཡོག་བྱེད། འཐུ་བ་བཅས་ཀྱི་ལག་རྩལ་ཁོང་དུ་ཆུད་ཁར། ལས་ཞུགས་འབབ་འཕར་ཡང་བརྟན་པོ་བྱུང་ཡོད།

   རྩོམ་སྒྲིག་པ། རིག་གྲོལ།