
རྒན་ཡོལ་ཞུས་པའི་ལས་བྱེད་པ་རྒན་གྲས་ཀྱིས་བང་བསྒྲིགས་ནས་བརྟག་དཔྱད་བྱེད་བཞིན་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་། གྲོང་ཨུད་ལས་བྱེད་པ་རྒན་གྲས་ཅུས། གྲོང་ཁྱེར་མི་དམངས་སྨན་ཁང་། སྨན་རྩིས་ཁང་བཅས་ཀྱིས་མཉམ་དུ“མི་རིགས་མཐུན་སྒྲིལ་གྱིས་མཉམ་ཤུགས་གཅིག་ཏུ་བསྒྲིལ། འོས་འགན་སྨན་བཅོས་ཀྱིས་རྒན་རྒོན་སེམས་པ་དྲོས”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་ཏེ། གཅིག་སྡུད་འོས་འགན་སྨན་བཅོས་དང་སྒོ་རྩར་སྐོར་སྐྱོད་སྨན་བཅོས་ཟུང་འབྲེལ་གྱི་རྣམ་པ་བརྒྱུད། གྲོང་ཁུལ་གྱི་ལས་བྱེད་པ་རྒན་གྲས་ལ་སེམས་རྩ་འཁོལ་པོས་བདེ་ཐང་ཞབས་འདེགས་ཞུས་པ་རེད།
རྩོམ་སྒྲིག་པ། རིག་གྲོལ།