ལྷོ་ཁ་གྲོང་ཁྱེར་གྱི་བཟའ་བཅའ་གཉེར་སྐྱོང་ཁྱབ་ཁོངས་ཀྱི་བདེ་འཇཌ་དུས་བབ་བརྟན་ཐོག་ལེགས་འཕེལ་བྱུང་བ།
སྤེལ་དུས 2026-09-23
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ཉིན་ཤས་གོང་། གསར་འགོད་པར་ལྷོ་ཁ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གཉེར་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ད་ལོ་ཚུན་དུ་གྲོང་ཁྱེར་དེས་མངག་སྐྱེལ་བ་85བཟའ་བཅའི་བདེ་འཇགས་ལྟ་སྐུལ་བར་གདན་ཞུ་བྱས་པ་དང་། སྤྱི་ཚོགས་ཀྱི་བཟའ་བཏུང་ཚན་པ་500ཡིས་AIཡི་ཐབ་ཚང་ཕྱི་གསལ་ནང་གསལ་སྒྲིག་སྦྱོར་བྱས་ནས་བཟའ་བཅར་མྱུར་བཤེར་ཁག་ཐེངས་9292བྱས་པས་ཚད་ལོན་ཚད་99.9%ཟིན་ནས་གྲོང་ཁྱེར་ཡོངས་ཀྱི་བཟའ་བཅའ་གཉེར་སྐྱོང་ཁྱབ་ཁོངས་ཀྱི་བདེ་འཇགས་དུས་བབ་བརྟན་ཐོག་ལེགས་འཕེལ་བྱུང་ཡོད་པ་རེད།
དེ་མིན་ད་དུང་གྲོང་ཁྱེར་ཡོངས་ཀྱི་སློབ་གྲྭའི་ཟ་ཁང་ཁག་ལ་གྲལ་བཤེར་ཐེངས་524དང་ཉེ་འཁོར་གྱི་ཚོང་གཉེར་ཚན་པར་གྲལ་བཤེར་ཐེངས་478བྱས་ནས་མངོན་མེད་རྐྱེན་ངན་647དག་ཐེར་བྱས་ཏེ་སྟོན་དུས་སློབ་འགོ་ཚུགས་སྐབས་ཞིབ་བཤེར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་གྱི་གྲངས་ཀ་དེ་དཔྱིད་དུས་ལས་60%ཆག་ཡོད་པ་རེད། དྲ་རྒྱའི་བཟའ་བཏུང་ཚོང་དུད་ལ་ཞིབ་དཔྱད་ཁག་ཐེངས་2242བྱས་པ་དང་། གནད་དོན་1305ལ་དག་ཐེར་བྱས་པ། 12315ཡི་ཐེར་འདོན་ཐབས་ལམ་ཤར་གཏོང་འགན་ལེན་བཅས་བྱས་ཡོད། རྒན་གསོའི་སྒྲིག་གཞིའི་ཟ་ཁང་ལ་བརྟག་དཔྱད་ཁག་ཐེངས་64བྱས་པ་དང་། གནད་དོན་53ལ་དག་ཐེར་བྱས་པ། རྨང་གཞི་ཞན་པའི་དམངས་གཉེར་དང་ཐག་རིང་སྒྲིག་གཞིར་བརྟག་དཔྱད་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཡུལ་དངོས་ཀྱི་དག་ཐེར་ལ་མཛུབ་ཁྲིད་བྱས་ཡོད།