ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱི་མཐའ་མཚམས་ཀྱི“ཐུན་མོང་ལྔའི”ཁྱམས་རིང་འཛུཌ་སྐྲུན་གྱི་ཕན་འབྲས་འགྲེམས་སྟོན་བྱེད་སྒོ་གཉེར་བ།

སྤེལ་དུས 2026-09-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། ལྷ་ས་མེ་འཁོར་འབབ་ཚུགས་ཀྱི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ནས་ཧ་ཅང་འཁྲུག་ཆ་དོད་ཅིང་། བོད་རང་སྐྱོང་ལྗོངས་མི་རིགས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་མཐའ་མཚམས་ཀྱི“ཐུན་མོང་ལྔའི”ཁྱམས་རིང་འཛུགས་སྐྲུན་གྱི་ཕན་འབྲས་འགྲེམས་སྟོན་བྱེད་སྒོ་དེ་གར་སྤེལ་བ་རེད།
  ད་ཐེངས་ཀྱི་བྱེད་སྒོས“‘ཐུན་མོང་ལྔ’—ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ”བརྗོད་དོན་གཙོ་བོར་བྱས་ཏེ་འགོ་ཚུགས་མཛད་སྒོ་དང་། གྲུབ་འབྲས་པར་རིས་འགྲེམས་སྟོན། མངོན་མིན་རིག་གནས་ཤུལ་བཞག་མཉམ་འགུལ་ཉམས་ལེན་སོགས་ཀྱི་རྣམ་པ་བརྒྱུད། མི་རིགས་ཁག་གི་མི་དམངས་ཀྱིས་ཡངས་ཤིང་རྒྱ་ཆེ་བའི་མངའ་ཁོངས་མཉམ་དུ་གསར་འབྱེད་དང་། གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་མཉམ་དུ་གཏོད་པ། འོད་སྟོང་འཕྲོ་བའི་ཀྲུང་གོའི་ལོ་རྒྱུས་མཉམ་དུ་གཏོད་པ། འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་མཉམ་དུ་གཏོད་པ། རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་མཉམ་དུ་སྐྱེད་སྲིང་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་གཅིག་སྡུད་ཐོག་མངོན་པར་བྱས་ནས། ས་ཕྱོགས་ཁག་ནས་ཡོང་བའི་ཡུལ་སྐོར་བས་ཡུལ་སྐོར་བྱེད་རིང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གོང་བུ་འགྲིལ་ཤུགས་ཚོར་བར་བྱས་པ་རེད།
  བྱེད་སྒོ་སྤེལ་ཡུལ་དུ“ཐུན་མོང་ལྔའི”བརྗོད་དོན་གཙོ་བོའི་ཁྱམས་རིང་དེ་བཀྲག་མདངས་འཚེར་སར་གྱུར་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ཁྱམས་རིང་དུ་རྩ་ཆེའི་ཡིག་ཚགས་དང་། ལོ་རྒྱུས་པར་རིས། མངོན་མིན་རིག་གནས་ཤུལ་བཞག་སོགས་ཕུན་སུམ་ཚོགས་པའི་རྒྱུ་ཆར་བརྟེན་ནས་མི་རིགས་ཁག་གིས་ཐུན་མོང་ཐོག་རྒྱལ་ཁབ་ས་ཆ་སྲུང་བ་དང་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་གསེད་བཀྲོལ་བྱས་ཡོད། འགྲེམས་སྟོན་ཐོག་བོད་བཟོའི་སྲོལ་རྒྱུན་གྱི་རི་མོ་དང་དེང་རབས་ཀྱི་ཇུས་འགོད་གཞི་གཅིག་ཏུ་འདུས་ཤིང་། ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་དལ་བ་དལ་བུར་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ལྟ་ཀློག་གཏིང་ཟབ་བྱེད་པ་དང་དྲན་རྟེན་པར་བརྒྱབ་པ་རེད།
  བྱེད་སྒོའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་དེ་གྲོང་ཁྱེར་དུ་འཛུལ་ས་དང་འགྲུལ་པའི་འཁྲིས་སུ་གཉེར་བ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དྲིལ་བསྒྲཌ་སློབ་གསོ་སྤྱི་དམངས་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་བའི་གསར་གཏོད་ཀྱི་ལག་ལེན་ཞིག་རེད།