ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གངས་རིས་བསྐོར་བའི“སྤྲིན་གསེབ་འགྲན་ལམ”བོད་ལྗོངས་བྲག་གསུམ་མཚོ།

སྤེལ་དུས 2026-10-15 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།


ཟླ་10ཚེས་11ཉིན་བྱེས་བགྲོད་བོད་ལྗོངས་རུ་ཁག་གི་བདམས་ཐོན་པས་རྩེར་སོན་ཚོགས་ཆུང་གི་འཕྱོ་གཡེང་གྲུ་ཆུང་གི་མྱུར་ཚད་འགྲན་བསྡུར་བྱེད་བཞིན་པ།


ཟླ་10ཚེས་11ཉིན་ཅེ་ཁེ—དབྱིན་ཇིའི་ཐན་པོ་འཕྱོ་གཡེང་རུ་ཁག་གི་བདམས་ཐོན་པས་རྩེར་སོན་ཚོགས་ཆུང་གི་འཕྱོ་གཡེང་གྲུ་གཟིངས་ཀྱི་མྱུར་ཚད་འགྲན་བསྡུར་བྱེད་བཞིན་པ།

           ཟླ་10ཚེས་10དང་11ཉིན། 2026ལོའི་བོད་ལྗོངས་ཉིང་ཁྲིའི་གནམ་ལྕགས་འབར་བའི་ས་མཐོའི་ལུས་རྩལ་འགྲན་ཚོགས་ཆེ་མོ་སྟེ། བྲག་གསུམ་མཚོ་རྒྱལ་སྤྱིའི་འཕྱོ་གཡེང་ཡོངས་བསྒྲགས་འགྲན་བསྡུར་དང་ཀྲུང་གོའི་གྲུ་ཆུང་འགྲན་བསྡུར་སྐབས་དང་པོ་མཚོ་མགོ་ཤང་དང་བྲག་ཆུ་གྲོང་རྡལ་དུ་སྤེལ་བ་རེད། འགྲན་བསྡུར་དེ་ས་བབ་མཐོ་ཚད་སྨི་3400ལྷག་ཙམ་གྱི་ཆུ་གཞུང་དུ་སྤེལ་བར་རྒྱལ་ཁབ་15ཡི་རུ་ཁག་48ཀྱི་ལུས་རྩལ་པ་192ཞུགས་ཡོད། སྐབས་འདིའི་འགྲན་བསྡུར་ལ་ཁྱོན་རྣམ་གྲངས་9བཀོད་སྒྲིག་བྱས་ཡོད་པ་དང་། ད་ལོར་ཐེངས་དང་པོར་བཀོད་སྒྲིག་བྱས་པའི་གྲུ་ཆུང་རྣམ་གྲངས་ཀྱིས་ས་མཐོར་གྲུ་ཆུང་འགྲན་བསྡུར་མེད་པའི་སྟོང་ཆ་བསྐངས་ཡོད།

           “གཤམ་ལ་ང་ཚོའི་རུ་ཁག་འགྲན་བསྡུར་བྱེད་རན་སོང་། ང་ཚོ་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གི་ཉིན་མཐའི་གྲོག་རོང་ཆེན་པོའི་འཕྱོ་གཡེང་རུ་ཁག་ཡིན”ཞེས་འགྲན་ལམ་གྱི་ཟུར་དུ་སྲོལ་རྒྱུན་གྱི་བོད་ཆས་གྱོན་པའི་ངར་སློང་རུ་ཁག་གི་རུ་མི་མཁས་གྲུབ་རྒྱ་མཚོས་ཐད་གཏོང་བྱེད་བཞིན་འདུག འགྲན་བསྡུར་རིང་། ཐད་གཏོང་ནང་ལྟད་མོ་བ་མངོན་གསལ་དོད་པོས་མང་དུ་ཕྱིན་སོང་ཞེས་མཁས་གྲུབ་རྒྱ་མཚོས་གསར་འགོད་པར་ངོ་སྤྲོད་བྱས།

           འགྲན་བསྡུར་ཕུད། ཆུ་བོ་འདིར་ད་དུང་དམངས་ཚོགས་འཕྱོ་གཡེང་ཟེར་བའི་རྣམ་གྲངས་གཞན་ཞིག་ཀྱང་ཡོད། བྲག་གསུམ་མཚོའི་འཕྱོ་གཡེང་དེ་ནི་2023ལོ་ནས་བཟུང་གཉེར་སྐྱོང་བྱེད་འགོ་ཚུགས་ཤིང་དེ་ནི་བོད་ཀྱི་འཕྱོ་གཡེང་རྣམ་གྲངས་སྔ་གྲས་ཤིག་ཡིན། “2026ལོ་ནས་མིག་སྔའི་བར་མི་ཁྲི་ལྷག་ལ་སྣེ་ལེན་ཞུས་ཡོད། གཉེར་སྐྱོང་བྱེད་འགོ་ཚུགས་མ་ཐག་པའི་དུས་སུ་ཡུལ་སྐོར་བ་མང་ཆེ་བ་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་ནས་ཡོང་བ་རེད། ད་ཆ་མི་མི་ཉུང་བ་ཞིག་ཆེད་མངགས་འཕྱོ་གཡེང་གི་སྤྲོ་སྣང་ལ་རོལ་བར་ཡོང་གི་འདུག”ཅེས་ཉིང་ཁྲི་བྲག་གསུམ་མཚོ་ཁང་ཕྱིའི་ལུས་རྩལ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཝང་པིང་གིས་ངོ་སྤྲོད་བྱས།

           “ང་ཚོས་བྲག་གསུམ་མཚོའི་འཕྱོ་གཡེང་འགྲན་བསྡུར་ལ་བརྟེན་ནས་ཡུལ་སྐོར་བ་དེ་བས་མང་པོའི་ཡིད་དབང་བཀུག་སྟེ་ཀོང་པོ་རྒྱ་མདའི་རི་ཆུའི་མཛེས་ལྗོངས་དང་མི་ཆོས་རིག་གནས་ལ་ཉམས་ལེན་གཏིང་ཟབ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ལ། གྲོགས་པོ་དེ་བས་མང་པོ་སླར་ཡང་འདི་གར་ཕེབས་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད”ཅེས་ཀོང་པོ་རྒྱ་མདའ་རྫོང་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲུའུ་མིང་ཧུའེ་ཡིས་བརྗོད།

           “ས་མཐོའི་ལུས་རྩལ་འགྲན་བསྡུར་གྱིས་བདམས་ཐོན་པ་མང་པོའི་ཡིད་དབང་བཀུག་པ་མ་ཟད། འཛམ་བུ་གླིང་གི་ཡིད་དབང་ཡང་བཀུག་ནས། བྲག་གསུམ་མཚོའི‘སྤྲིན་གསེབ་འགྲན་ལམ’དེ་བོད་ཀྱི་ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས་ཀྱི་མིང་བྱང་ཞིག་ཏུ་གྱུར་ཡོད”ཅེས་ཉིང་ཁྲི་གྲོང་ཁྱེར་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དང་ཀོང་པོ་རྒྱ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཅིང་ཐའོ་ཡིས་བརྗོད།


རྩོམ་སྒྲིག་པ། རིག་གྲོལ།