ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གི་ས་ཡོམ་ཁྲོད་མི16རྐྱེན་ལམ་དུ་ཤོར་བ།

སྤེལ་དུས 2026-10-23 ཡོང་ཁུངས། རྩོམ་པ་པོ།

               གསར་འགོད་པས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན།  ཟླ10པའི་ཚེས23ཉིན་གྱི་ཆུ་ཚོད2དང་སྐར་མ25བར་དུ། ཐོག་མར་བསྡོམས་རྩིས་བྱས་པ་ལྟར་ན།  བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་རིམ་པ7.0ཅན་གྱི་ས་ཡོམ་བྱུང་ནས་མི16རྐྱེན་ལམ་དུ་ཤོར་བ་དང་། མི32ལ་རྨས་སྐྱོན་ཕོག་ཡོད་ཅིང་། དེའི་ཁྲོད་དུ་མི11ལ་རྨས་སྐྱོན་ལྕི་མོ་ཕོག་པ་དང་། མི21ལ་རྨས་སྐྱོན་ཡང་མོ་ཕོག་ཡོད། ཁང་མིག339བརྡིབས་འདུག མིག་སྔར་གནོད་འཚེའི་གནས་ཚུལ་ཞིབ་བཤེར་བྱེད་བཞིན་ཡོད་ལ། ཉེན་སེལ་འཚོལ་སྐྱོབ་དང་། རྨས་མ་རོགས་སྐྱོབ་སོགས་ཀྱི་ལས་དོན་ཐམས་ཅད་གོ་རིམ་བཞིན་སྤེལ་བཞིན་ཡོད།











རྩོམ་སྒྲིག་པ། རིག་གྲོལ།