ཀྲུང་དབྱང་ནས་གེགས་སེལ་མ་དངུལ་སྒོར་ཁྲི5000གཏོང་སྤྲོད་བྱས་འདུག
སྤེལ་དུས 2026-10-23
ཡོང་ཁུངས། བོད་ལྗོངས་ཉིན་ཚགས།
རྩོམ་པ་པོ།
2026ལོའི་ཟླ10པའི་ཚེས22ཉིན་གྱི་མཚན་མོའི་ཆུ་ཚོད10དང་སྐར་མ33ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ7.0བརྒྱབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་ཆེད། ཟླ10པའི་ཚེས23ཉིན་ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་ཁྲི5000འཕྲལ་མ་ཉིད་དུ་གཏོང་སྤྲོད་བྱས་ཏེ། བོད་ལྗོངས་ཀྱི་ས་ཡོམ་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་པ་དང་། མི་སྣ་འཚོལ་སྐྱོབ་དང་། གནོད་འཚེ་ཕོག་པའི་མང་ཚོགས་གནས་སྤོ་བཀོད་སྒྲིག གནོད་འཚེའི་ཉེན་ཁ་སེལ་བ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད་དང་། དེ་བཞིན་གཏོར་སྐྱོན་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་ཉམས་བཟོ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ། གནོད་འཚེའི་གྱོང་གུན་ཆུང་དུ་དང་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་བྱས་པ་རེད།
ནོར་སྲིད་པུས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ལ་གནོད་འཚེའི་མ་དངུལ་གཏོང་སྤྲོད་ལ་དམ་འཛིན་བྱེད་པ་དང་གེགས་སེལ་མ་དངུལ་ལ་ལྟ་འདོམས་ཤུགས་སྣོན་བརྒྱབ་སྟེ། གེགས་སེལ་མ་དངུལ་ཚང་མ་གནོད་འཚེ་ཕོག་ཁུལ་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་སྤྱོད་རྒྱུ་འགན་ལེན་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུའི་བླང་བྱ་བཏོན་པ་རེད།