ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མཚོ་ལྷོ་ཁུལ་གྱིས་ཞོད་འགོག་རིམ་པ་བཞི་པའི་འཕྲལ་བསྟུན་དང་ལེན་བྱས་པ།

སྤེལ་དུས 2026-08-03 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།

             མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་སྤེལ་བའི་གནས་ཚུལ་ལྟར་ན། མཚོ་ལྷོ་ཁུལ་གྱིས་ཟླ7པའི་ཚེས31ཉིན་གྱི་ཕྱི་དྲོའི་ཆུ་ཚོད17ནས་བཟུང་། ཁུལ་རིམ་པའི་ཞོད་འགོག་རིམ་པ་བཞི་བའི་འཕྲལ་བསྟུན་དང་ལེན་བྱེད་མགོ་བརྩམས།

            འབབ་ཞོད་ཆེ་བའི་དུས་སྐབས་སུ་ཐོན་པ་ནས་བཟུང་། མཚོ་ལྷོ་ཁུལ་གྱིས་འབབ་ཞོད་ཆེ་བའི་དུས་སྐབས་ཀྱི“གསལ་བར་བྱེད་དགོས་པ་བརྒྱད”ཀྱི་བཀོད་གཏོང་རྐྱེན་སྲོལ་གསར་དུ་བཏོན་ནས། “ཉེན་བརྡ་གཏོང་བ་དང་དང་ལེན་བྱེད་པ། བཟོ་སྐྲུན་དང་ཆུའི་གནས་ཚུལ་གསལ་བར་བྱེད་པ། ཉེན་ཁ་དང་གནོད་འཚེ་གསལ་བར་བྱེད་པ། འགན་འཁྲི་དོན་འཁྱོལ་གསལ་བར་བྱེད་པ། འཕྲལ་བསྟུན་གྲ་སྒྲིག་གསལ་བར་བྱེད་པ། ‘སྒོ་རྒྱག་པ་དང་མཚམས་འཇོག་པ། ཕྱིར་འཐེན་པ། གནས་སྤོ་བ་དང་སྐོར་ཞིབ་བྱེད་པ’བཅས་གསལ་བར་བྱེད་པ། གནད་དོན་དང་མི་འདང་ས་གསལ་བར་བྱས་ཏེ་རིམ་པ་རྗེས་མའི་འགོག་ཟོན་བྱེད་ཐབས་གསལ་བར་བྱེད་པ”བཅས་ཀྱི་ནང་དོན་ཆེན་པོ་བརྒྱད་ལ་དམིགས་ནས། ས་ཁོངས་ཡོངས་ཀྱི་ཞོད་འགོག་རྨང་གཞི་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་མུ་ཕྲེང་ཧྲིལ་པོར་བཀག་སྡོམ་འགོག་སྲུང་མ་ལག་བསྐྲུན་པ་དང་། འབབ་ཞོད་ཆེ་བའི་དུས་སུ་མི་སྣ་ཤི་རྨས་མེད་པའི་མཐའ་ཚད་བརྟན་སྲུང་མཐའ་གཅིག་ཏུ་བྱས་ཏེ། ལས་བྱེད་པ་མི་ཐེངས8264དང་། དམག་མི་མི་ཐེངས2564གཞི་རིམ་དུ་མངགས་པ་མ་ཟད། ཉེན་སེལ་སྐོར་སྐྱོད་རླངས་འཁོར་ཐེངས987བཏང་ནས། ས་གཤིས་གནོད་འཚེ་ཡི་མངོན་མེད་རྐྱེན་ངན་ཡོད་སའི་གནས1119དང་། གྲོང་ཁྱེར་ནང་ཆུ་འཁྱིལ་སླ་བའི་གནས78ལ་བརྟག་དཔྱད་རྩད་གཅོད་བྱས་པ་མ་ཟད། ཉེན་ཁ་ཆེ་བའི་མང་ཚོགས་ཁྱིམ་ཚང2129དང་མི་གྲངས10552 ས་ཆ་གཞན་དུ་སྤར་བ་རེད།

            ཅན་བཅུ་ཡི་ཏང་འཛུགས་མཛེས་པའི་ཁྱིམ་གཞིས་སྲུང་སྐྱོང་ཚོགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་པ། ཕན་ཚུན་རོགས་རམ་ཚོགས་པ་བཅས་ལ་བརྟེན་ནས་མང་ཚོགས་རྣམས་ཞོད་འགོག་གནོད་སེལ་བྱ་བའི་ཁྲོད་ཁྱོན་ཡོངས་ནས་ཞུགས་པར་སྐུལ་སློང་བྱས་ཏེ། སྡེ་བ་རིམ་པའི་ཞོད་འགོག་ཉེན་ཁའི་བརྡ་གཏོང་མི་སྣ926སྒྲིག་འཛུགས་བྱས་ནས། མང་ཚོགས་རྣམས་ཞོད་འགོག་ལ་ལྟ་མཁན་ནས་ཞོད་འགོག་གཙོ་ཤུགས་སུ་འགྱུར་བར་བྱས། 1235ཡི་ཞོད་འགོག་བཀོད་འདོམས་རྐྱེན་སྲོལ་ལག་བསྟར་ནན་མོ་བྱས་པ་བརྒྱུད་ས་ཁོངས་ཡོངས་ཀྱི་བདེ་འཇགས་འགོག་སྲུང་དྲ་བ་བརྟན་པོ་བཟོས་ཡོད། ཞིང་ཆེན་ཡོངས་ཀྱི་སྔོན་ལ་དངོས་ཟོག་སྔོན་འཇོག་བྱ་བ་ལེགས་འགྲུབ་བྱུང་ཞིང་། ཁུལ་རིམ་པས་རྫོང་ལྔ་དང་། གཙོ་གནད་གྲོང་རྡལ་བཞི། སྡེ་ཁུལ་གཅིག་བཅས་ལ་ཉེན་སེལ་རོགས་སྐྱོབ་དང་དམངས་འཚོ་རོགས་སྐྱོར་རིགས་ཀྱི་དངོས་ཟོག་རིགས་ང་གཅིག་དང་གྲངས་འབོར་ཁྲི་གསུམ་སྟོང་བཞི་ཡིས་རོགས་སྐྱོར་བྱས། རྫོང་སོ་སོས་ཞང་གྲོང36གི་སྡེ་བ201དང་སྡེ་ཁུལ4ལ་འཕྲལ་བསྟུན་གནོད་སེལ་དངོས་ཟོག་རིགས37དང་གྲངས་འབོར་ཁྲི2.7བཀོད་སྒྲིག་བྱས་ཏེ། རོགས་སྐྱོབ་དངོས་ཟོག་ཉེན་ཁ་དང་མཉམ་དུ་ཐོན་པའི་དམིགས་ཡུལ་མངོན་འགྱུར་བྱུང་ཞིང་། ནུས་ལྡན་ངང་རོགས་སྐྱོར་དངོས་རྫས་སྐྱེལ་འདྲེན་གྱི་ལམ་ཐག་ཇེ་ཐུང་དུ་བཏང་སྟེ་རིགས་སོ་སོའི་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱས།

རྩོམ་སྒྲིག་པ། རིག་གྲོལ།