ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

མདོ་ལའི་རི་འདབས་ཀྱི་གཡང་ལྡན་ཕྱུགས་ར།

སྤེལ་དུས 2026-08-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།


            ཟླ8པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཨ་རིག་ཞང་གི་མངའ་ཁོངས་སུ། མིག་ལམ་དུ་ཁེངས་ཡོད་པ་ནི་མཐའ་ཡས་བའི་རྩྭ་ཐང་ཡིན་ལ། ཡངས་ཤིང་ཆེ་བའི་རྩྭ་ཐང་ནི་ས་གདན་ཆེན་པོ་ཞིག་དང་འདྲ་བར་ས་གཞི་སྟེང་བཀབ་ཡོད་པ་དང་། ལུག་ཁྱུ་དག་ནམ་མཁའི་སྐར་ཚོགས་བཞིན་རྩྭ་ཐང་སྟེང་ཁྱབ་ཡོད་པས། ལྟ་བ་ཆོག་མི་ཤེས་པའི་མཛེས་རིས་ཞིག་ཚང་མའི་སྤྱན་ལམ་དུ་བཀྲམ་འདུག

            ཉེ་བའི་ལོ་འགའི་རིང་། མདོ་ལ་རྫོང་གིས་ཐུན་མོང་མ་ཡིན་པའི་རྩྭ་ཐང་གི་ཐོན་ཁུངས་དང་མཐོ་སྒང་གི་ཕྱུགས་ཟོག་མཐུན་རྐྱེན་ལ་བརྟེན་ནས། ནུས་ཤུགས་ཡོད་རྒུས་ལྗང་མདོག་སྐྱེ་ལྡན་ཐོན་རྫས་ཐོན་ས་འཛུགས་སྐྲུན་བྱས་པ་དང་། ཚན་རིག་ལ་བརྟེན་ནས་ཕྱུགས་སྐྱོང་བ་དང་རྒྱུ་བཟང་གསོ་སྤེལ། མིང་རྟགས་བསྐྲུན་པ་ནས་ཡོང་ཁུངས་རྩད་ཆོད་དོ་དམ་བྱེད་པ་བཅས་ས་གནས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་བྱེད་པར་རྒྱུན་འཁྱོངས་བྱས་པ་བརྒྱུད། “མདོ་ལའི་བོད་ལུགས”དང“མདོ་ལའི་འབྲི་གཡག”སོགས་མིང་རྟགས་གྲགས་ཅན་བསྐྲུན།  

རྩོམ་སྒྲིག་པ། རིག་གྲོལ།