ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་འབྲེལ་ཁུལ་རྫོང་གསར་འགྱུར།

སྦྲ་མཐིང་སྨུག་བརྒྱ་ཡི་ཁ་རུ་ལྷོ་བསྐོར།། འབྲི་ཐུལ་མ་བརྒྱ་ཡི་མགོ་ལོ་རྫ་བྱས།།

སྤེལ་དུས 2026-09-18 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། རྐང་ཚའི་མདའ་སྲིན་པོ།

             2026ལོའི་ཟླ9ཚེས12ནས14བར། མཚོ་སྔོན་ཞིང་ཆེན་རྐང་ཚ་རྫོང་གཡུ་དཀར་འོམ་ལུང་ཡུལ་ཚོ་ཇོ་སྐོར་སྡེ་བས་གཙོ་སྒྲུབ་བྱས་པའི་སྦྲ་བརྒྱ་འབྲི་སྟོང་གི་བཞོ་འགྲན་བྱེད་སྒོ་བརྒྱུད། མཚོ་སྔོན་པོའི་མཐའ་འཁོར་གྱི་སྣོད་བཅུད་ཐོན་ཁུངས་དང་སྐྱེ་ཁམས་མཉམ་གནས། མངོན་མིན་ཤུལ་བཞག་རིག་གནས་སྲུང་སྐྱོང་། མཚོ་སྔོན་པོ་ཡུལ་ལུང་གི་འབྲོག་ལས་རིག་གནས་དར་སྤེལ།  དམངས་སེམས་གཅིག་ཏུ་སྦྲེལ་བའི་མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་རྒྱ་ཆེར་ངང་སྤེལ་བར་མཐུན་རྐྱེན་བསྐྲུན་ལ། ལོ་རེ་ནས་ལོ་རེར་གཞི་ཁྱོན་ཆེ་བ་དང་སྤུས་ཀ་ལེགས་པའི་འབྲོག་ལས་རིག་གནས་འགྲེམས་སྟོན་བྱེད་པའི་སྒེའུ་ཁུང་ཡངས་པོར་ཕྱེས་ཡོད། དེར་མ་ཟད། འབྲོག་པའི་ལས་རིགས་ཤུལ་བཞག་རྒྱུན་འཛིན་དང་ཐོན་ལས་འཕེལ་རྒྱས། ལུས་རྩལ་བྱ་འགུལ། རིག་གནས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་གྱི་ལེའུ་གསར་བ་འབྲི་བར་སྔར་ལས་ལྷག་པའི་ནུས་པ་ཐོན་ཡོད། གཤམ་དུ་ང་ཚོས་ཐེངས་འདི་བྱེད་སྒོའི་ཁྲོད་འཁོད་དུ་ཕྱུང་བའི་པར་རིས་སྐོར་ཞིག་ལས་བྱ་འགུལ་གྱི་ངོ་མཚར་ལྟད་མོར་མཉམ་རོལ་ཞིག་བྱ།

འབྲི་མོ་བཞོ་བ།

གདངས་ལ་བཏགས་པའི་འབྲི་མོ།

བསོད་ནམས་ཅན་གྱི་ཕ་ཁུ།

ལག་ཏུ་བཞོ་ཟེའུ་བཟུང་བའི་སྨན་ཤར་བུ་མོ།

བྱེད་སྒོའི་ཡུལ་དངོས།

དགའ་བའི་འཛུམ་མདངས།

ལག་འཁོར་སྐོར་བཞིན་རྩམ་པ་འཐག་པ།

འབྲོག་མོའི་ཆ་ལུགས།

བྲེལ་འཚུབ་དང་གཟབ་ནན།  ད་རུང་རེ་སྒུག

འགྲན་སྡུར་གྱི་ཡུལ་དངོས།

ལག་ལ་ཀ་ཅན་གྱི་འབྲོག་མོ་ཚོ།

གངས་ཅན་བོད་པའི་ཕ་ཁྱིམ་སྨུག་པོ།

ཡོང་འབབ།

གཡང་ཟོག

 

རྩོམ་སྒྲིག་པ། རིག་གྲོལ།