ཉེ་བའི་ལོ་ཤས་ཀྱི་རིང་ལ། འབའ་ལུང་རྫོང་གིས་མི་རིགས་རིག་གནས་ཐོན་ཁུངས་སྔོག་འདོན་དང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་བྱས་ཏེ། འབའ་ལུང་གི་གནའ་བོའི་ཉམས་འགྱུར་ལྡན་པའི་མི་རིགས་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིས་བཏོད་པའི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་ལ་བརྟེན་ནས“ཁྱིམ་ཚང་བཟོ་ཁང+གཅིག་སྡུད་ཐོན་སྐྱེད”ཀྱི་སྟབས་བསྟུན་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་ཡོད། བྱེད་སྟངས་དེས་མི་རིགས་ཀྱི་རྒྱན་གོས་བཟོ་རྩལ་གསོན་ཉམས་ལྡན་པའི་ངང་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག ཐོན་རྫས་རིམ་སྤོར་དང་སྣ་མང་ལས་རིགས་རྒྱ་སྐྱེད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། མི་རིགས་རིག་གནས་ཀྱི་རྩ་བ་སྲུང་སྐྱོང་བྱས་ཡོད་པ་དང་། མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྣེ་ཁྲིད་བྱས་པས་རིག་གནས་རྒྱུན་འཛིན་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་གཏོད་ཡོད།
མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་སྣ་ཚོགས།
མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྩལ་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག བཟོ་ཁང་གིས་མི་རིགས་ཀྱི་རྒྱན་གོས་གསར་གཏོད་རང་བཞིན་གྱི་འགྱུར་ལྡོག་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ། སྲོལ་རྒྱུན་བཟོ་རྩལ་དེང་རབས་ཀྱི་མཛེས་དཔྱོད་དང་ཁྲོམ་རའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐུབ་པར་བྱས་པ་དང་། བཟོ་ཁང་དུ་མི་རིགས་ཀྱི་རྒྱན་གོས་རིགས26ཡོད་པ་སྟེ། ཕུའུ་སྨི་རིགས་དང་། བོད་རིགས། ལི་སུའུ་རིགས། འཇང་རིགས་སོགས་མི་རིགས9ཡི་རྒྱན་གོས་གཙོ་གནད་ཐོག་ཐོན་སྐྱེད་བྱེད་པར་མ་ཟད། བཟོ་དབྱིབས་མི་འདྲ་བའི་ཁུག་མ་དང་། མེ་ཏོག་སྣ་ཚོགས་ཀྱི་གཙག་དྲུབ། རྒྱན་ཆ་སོགས་གསར་གཏོད་བྱས་ཏེ་རིག་གནས་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་ཡག་པོ་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།
ལས་བཟོ་བས་གཙག་དྲུབ་གཙགས་བཞིན་པ།
མེ་ཏོག་སྣ་ཚོགས་ཀྱི་གཙག་དྲུབ།
མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁུག་མ།
མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཁུག་མ་སྣ་ཚོགས།
མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་འདོགས་ཆ་སྣ་ཚོགས།
མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རྣ་རྒྱན།