ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གནས་ཚུལ་ཁྱབ་བསྒྲཌ་བྱས་པར་གཞིཌ་ན། 2026ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་ཁོངས་གཏོགས་ཀྱིས་གཞུང་ལམ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་ཞིང་ཆེན་དེ་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་140.04བཏང་བ་དེ་དུས་མཚུངས་ལས་14.3%འཕར་ཡོད།
ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། མཚོ་སྔོན་གྱི་འགྲིམ་འགྲུལ་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྤུས་འབྲས་ལེགས་གཉེར་བྱུང་བ་དང་། མཐུད་སྐྲུན་རྣམ་གྲངས་23ལ་སྐུལ་འདེད་བརྟན་པོ་བཏང་བའི་ཁར་ཞིང་ཆེན་ནས་ཐོན་སའི་གཙོ་གནད་བགྲོད་ལམ་G569ཞའོ་ཉིང་དང་G0611པེན་མོན་གཉིས་ཁྱོན་ཡོངས་ནས་ལས་འགོ་ཚུགས་པ། G338རེ་ཅང་དང་G345ཨན་ཞེ་སོགས་རྣམ་གྲངས་ལྔ་ཨར་ལས་རྩིས་སྤྲོད་དང་ཞིབ་བཤེར་རྩིས་ལེན་བྱས་པ། གསར་དུ་བསྐྲུན་པའི་རྣམ་གྲངས་བཅུ་གསུམ་མགྱོགས་མྱུར་ལག་བསྟར་བྱས་པ་དང་མཚོ་སྔོན་པོའི་མཐའ་འཁོར་གྱི་ཡུལ་སྐོར་གཞུང་ལམ་ཧྲིལ་པོ་ལས་འགོ་ཚུགས་པ། G338ཀན་ཁེ་དང་G227གད་རྟའི་རྣམ་གྲངས་གཉིས་ཀྱི་ཨར་ལས་དང་དེ་བཞིན་ལྟ་སྐུལ་དོ་དམ་གྱི་འོས་སྐུལ་ལེགས་གྲུབ་བྱུང་ཡོད། རིགས་ཁག་གི་དུས་འགོའི་འགྲོ་ལུགས་ཁག་130ལྷག་ཙམ་གཉེར་ནས་ཧེ་ཏ་དང་། ཞའོ་ཉིང་། པེན་མོན། མཚོ་སྔོན་པོའི་མཐའ་འཁོར་གྱི་ཤར་ནུབ་ལམ་སོགས་གཙོ་གནད་རྣམ་གྲངས་བཅོ་ལྔ་ཡི་འཛུགས་སྐྲུན་ས་ཆའི་བཀའ་མཆན་ཐོབ་པས། “མཐུད་སྐྲུན་ལ་སྐུལ་འདེད་བརྟན་པོ་དང་གསར་སྐྲུན་མགྱོཌ་མྱུར་དོན་འཁྱོལ”གྱི་རྣམ་པ་བཟང་པོ་གྲུབ་ཡོད། རྒྱུན་དུ་ལས་གྲྭའི་སྤུས་ཚད་ལ་ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་བྱས་ཤིང་། གསལ་ཐོ་ཅན་གྱི་དོ་དམ་དང་། གདུབ་ཟུམ་རྣམ་པའི་དག་ཐེར། ཨང་གསུབ་རྣམ་པའི་དོན་འཁྱོལ་བཅས་བྱས་པ་བརྒྱུད་གཞུང་ལམ་གྱི་སྤུས་ཚད་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བཟོས་ཡོད།
དེ་དང་ཆབས་ཅིག ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་གཞུང་ལམ་ལས་གྲྭའི་སྤུས་ཚད་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་ཚད་རྒྱུན་མཐུད་ཟབ་ཏུ་བཏང་བ་དང་། དུས་བདེ་ལོ་བརྒྱའི་སྤུས་ཚད་མཐོར་གཏོང་གི་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་བཏང་བ། གཞུང་ལམ་དང་ཟམ་པའི་སྤུས་ཚད་བདེ་འཇགས་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་དོ་དམ་གྱི་མངོན་གསལ་དོད་པའི་གནད་དོན། ཚོད་ལྟ་ཞིབ་དཔྱད་དང་ཚད་ལེན་ཚད་ལྡན་མཐོར་གཏོང་བཅས་ཀྱི་ཆེད་དོན་བཅོས་སྒྲིག་རབ་དང་རིམ་པ་བྱས་ཡོད། ལས་གྲྭ་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོའི་འགག་སྒོར་དམ་འཛིན་ནན་པོ་བྱས་ནས་ལོ་སྟོད་དུ་ཞིང་ཆེན་དེ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་དང་མ་ལམ་ལས་གྲྭའི་ཚད་ལོན་ཚད་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.31དང་0.66སོ་སོར་འཕར་ཡོད། ཞིང་ཆེན་རིམ་པའི་ལྗང་མདོག་གཞུང་ལམ་འཛུགས་སྐྲུན་གྱི་ཚད་གཞི་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ལོ་ཧྲིལ་པོར་ཞིང་ཆེན་རིམ་པའི་ཚད་གཞིའི་ལས་གྲྭ་ཁག་14དཔྱད་འདེམས་བྱས་ཡོད། གཞུང་ལམ་ལས་གྲྭ་འཛུགས་སྐྲུན་དེ“ཚད་ལྡན་ཚད་ལོན”ནས“སྤུས་ལེགས་རྩེར་སོན”དུ་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་སྐུལ་འདེད་ཀྱང་བཏང་བ་རེད།
རྩོམ་སྒྲིག་པ། རིག་གྲོལ།